མར་མེ་མཛད་ནི་ནང་པ་སངས་རྒྱངས་ཀྱི་ལྷ་གཅིག་རེད།

མར་མེ་མཛད།

ལོ་རྒྱུས། རྩོམ་སྒྲིག

༼སངས་རྒྱས་མར་མེ་མཛད་ཀྱི་ལོ་རྒྱུས་མདོར་བསྡུས༽

དེ་ཡང་སྔོན་མ་ ཚོ་ལོ་ཉི་ཁྲིའི་དུས་ལུ་ ཞིང་ཁམས་གསེར་གྱི་ སྐར་མ་བཀྲམ་པ་ཟེར་སར་ བསྐལ་བཟང་གི་ རྣམ་འདྲེན་གསུམ་པ་ སངས་རྒྱས་འོད་སྲུང་ འཇིག་རྟེན་གྱི་ཁམས་འདི་ནང་བྱོན་ཏེ་ དམ་པའི་ཆོས་གསུངས་ཏེ་བཞུགསཔ་ད་ སངས་རྒྱས་འོད་སྲུང་དང་ དེ་ཡི་བསྟན་པ་ལུ་ དད་པ་ཅན་གྱི་ཨ་ལོ་ བྲམ་ཟེའི་ཁྱེའུ་ སྐར་མའི་འོད་ཟེར་མི་ཅིག་ བྱུང་ནུག

བྲམ་ཟེའི་ཁྱིའུ་ སྐར་མའི་འོད་འདི་གིས་ སངས་རྒྱས་ འོད་སྲུང་གི་ སྐུ་མདུན་ལས་ བྱང་ཆུབ་སེམས་བསྐྱེད་ཀྱི་ སྡོམ་པ་ འགོ་དང་པ་ཞུ་སྟེ་ སངས་རྒྱས་འོད་སྲུང་གི་ ཉེ་གནས་ གཙོ་ཅན་ཅིག་ལུ་གྱུར་ཏེ་ སྡོད་པའི་སྐབས་ལུ་ སངས་རྒྱས་ འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་སྐར་མའི་འོད་འདི་ལུ་ བྲམ་ཟེའི་ཁྱེའུ་ཁྱོད་ མ་འོངས་པར་ ཚེ་ལོ་ཁྲི་པའི་དུས་ལུ་ ཞིང་ཁམས་ སྐར་མའི་འོད་འདི་ནང་ལུ་ སངས་རྒྱས་ མར་མེ་མཛད་ཟེར་མི་ལུ་ སངས་རྒྱས་འོང་ཟེར་ ལུང་བསྟན་གནང་ནུག

འོད་སྲུང་གིས་ ལུང་བསྟན་གནང་མི་དང་ འཁྲིལ་ཏེ་ བསྐལ་ཆེན་ གྲངས་མེད་གསུམ་དུ་ ཚོགས་གཉིས་ཡོངས་སུ་ རྫོགསཔ་སྦེ་བསགས་ཚར་བའི་ཤུལ་ལུ་ འཇིག་རྟེན་གྱི་ ཁམས་འདི་ནང་གི་ མི་འདི་ཚུའི་ཚེ་ཚད་ ཚེ་ལོ་ཁྲི་པའི་སྐབས་ལུ་ བར་གྱི་སངས་རྒྱས་འབད་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ བསྟན་པ་རྒྱ་ཆེར་ སྤེལ་བཞིན་དུ་ འཚོ་ཞིང་གཞེས་ཏེ་ ཞལ་བཞུགས་པའི་བསྒང་ སངས་རྒྱས་ མར་མེ་མཛད་དང་ དེ་ཡི་བསྟན་པ་ལུ་ དད་པ་སྦོམ་སྐྱེད་མི་ བྲམ་ཟེའི་བུ་ ཀེ་རུ་ཟེར་མི་གཅིག་ ཡོདཔ་ཨིན་མས།

སངས་རྒྱས་ མར་མེ་མཛད་ཀྱིས་ བྲམ་ཟེའི་བུ་ཀེ་རུ་ཟེར་མི་འདི་ལུ་ བྲམ་ཟེའི་ཁྱེའུ་ཁྱོད་ མ་འོངས་པ་ལུ་ མི་མཇེད་འཇིག་རྟེན་གྱི་ ཞིང་ཁམས་དེ་ནང་ ཚེ་ལོ་བརྒྱ་པའི་སྐབས་ལུ་ སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་མི་ལུ་ སངས་རྒྱས་ནི་ ཨིན་ཟེར་ ལུང་བསྟན་ གནང་མི་དང་བསྟུན་ཏེ་ སངས་རྒྱས་ ཤཱཀྱ་ཐུབ་པ་ བསྐལ་བཟང་གི་ སངས་རྒྱས་བཞི་པ་འབད་དེ་ བྱོན་མི་འདི་ཡང་ སངས་རྒྱས་ མར་མེ་མཛད་ཀྱིས་ ལུང་བསྟན་གནང་མི་དང་ འཁྲིལ་ཏེ་ བྱོན་བྱོནམ་ ཨིན་མས།

གཞན་ལས་ འདྲ་བཤུས་རྐྱབ་སྟེ་ ཕུལཝ་ཨིན།

པར་རིས་བར་འཁྱམས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག