ཧྥ་རན་སིའི་མི་ནི་ཧྥ་རན་སི་ཞེས་པའི་མི་རིགས་ཀྱི་མི་རེད།

ལོ་རྒྱུས། རྩོམ་སྒྲིག

ཤར་སྐལ་ལྡན་རྒྱ་མཚོ།(མདོ་སྨད་རེབ་གོང་སྐྱབས་མགོན་སྐུ་ཕྲེང་དང་པོ།) མདོ་སྨད་རེབ་གོང་གསེར་ལྗོངས་ཞེས་བྱ་བའི་ཡུལ་དབུས་རྒྱལ་ཐང་དུ་རོང་བོའི་རིགས་རྒྱུད་དུ་ཡབ་འབུམ་རྒྱལ་དང་། ཡུམ་ནག་ཡུ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བའི་མེ་ལུག་སྤྱི་ལོ་༡༦༠༧ལོར་སྐུ་བལྟམས། དགུང་ལོ་དྲུག་གི་སྟེང་དགེ་བསྙེན་དང་། དགུང་ལོ་བཅུ་བ་ལ་རབ་ཏུ་བྱུང་། དགུང་ལོ་བཅུ་གཅིག་སྟེང་དབུས་སུ་ཕེབས་ནས་དགའ་ལྡན་དགོན་པར་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་བ་ལ་གསང་ཕུར་ས་དགེ་གྲྭ་ཚང་བཅུ་ལྷག་གི་མཁས་མང་རྒྱ་མཚོའི་དབུས་སུ་དཀའ་ཆེན་བཅུ་ལས་བརྩམས་པའི་གྲྭ་སྐོར་དམ་བཅའ་གནང་། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་བྱས། དགུང་ལོ་ཉེར་གཅིག་པར་མདོ་སྨད་དུ་ཆིབས་ཁ་བསྒྱུར། དགུང་ལོ་ཉེར་བཞིའི་སྟེང་རོང་བོ་བདེ་ཆེན་ཆོས་འཁོར་གླིང་དུ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་འཛུགས་མཛད། རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲེལ་སྤྱི་ལོ༡༦༤༡ལོར་བློན་ཆོས་བློ་བཟང་ཆོས་གྲགས་གླིང་ཁྲིར་བཀོད་ནས་གནས་ངེས་མེད་དུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་ཁོ་ནར་བརྟེན་ཏེ་གནས་མང་པོ་དགེ་སྦྱོར་ལ་ཞུགས། དགུང་ལོ་ཞེ་དྲུག་པ་ཆུ་འབྲུག་སྤྱི་ལོ་༡༦༤༢ལོར་རྒྱལ་དབང་ལྔ་བ་ཆེན་པོ་རྒྱ་ནག་ཏུ་སྤྱན་དྲངས་ཏེ་མཚོ་སྔོན་པོའི་ཡུལ་ལ་ཕེབས་པའི་ཚེ་ལྔ་བ་ཆེན་པོའི་དྲུང་ནས་རྗེས་གནང་དང་བཅས་གསན། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་སྤྱི་ལོ་༡༦༧༧ལོར་ཞི་བར་གཤེགས། བཀའ་རྩོམ་གྱི་སྐོར་ལ་སྐྱབས་ཁྲིད་དང་། མགུར་མ། ལོ་རྒྱུས། ནང་རིག་སོགས་པོད་ལྔ་བཞུགས། རྣམ་ཐར་ཆ་ཚང་བར་ཤེས་འདོད་ཡོད་ཚེ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ཞེས་བྱ་བར་གཟིགས་རོགས་ཞུ།

མི་འབོར། རྩོམ་སྒྲིག

ཆོས་ལུགས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕ་རན་སི།

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག