ཀ་གཞུང་གནའ་བོའི་ཚྭ་གཏེར་

ནང་ཆེན་ཀ་གཞུང་དུ་ཡོད་པའི་གནའ་བོའི་ཚྭ་གཏེར་ཞིག མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཀ་གཞུང་ཚྭ་གཏེར་ནི། ཚྭ་སྨན་དཀར་མོའི་ཚྭ་མཚོ་དང་། ནྭ་སྐྱག་ཁའི་ཚྭ། ལྡང་ཧྲི་ཁའི་ཚྭ་སོགས་ཡོད། གནས་འདི་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཀ་འགག་ཚྭ་ཁལ་གནའ་ལམ་ཡོད།