སྔོན་དུས་རབས་བཅུ་གཉིས་པའི་དཀྱིལ་བོད་ཀྱི་རབ་བྱུང་གསུམ་པའི་ས་ཡོས(༡༡༥༩)ལོར་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཀ་དམ་པ་བདེ་གཤེགས་ཀྱིས་འབྲི་ཆུའི་འགྲམ་སྤོ་འབོར་སྒང་དང་ཉེ་བའི་ས་གནས་སུ་ཕྱག་བཏབ་པའི་དགོན་པ་ཞིག་ཡིན། དེང་སང་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད། ཀ་དམ་པ་བདེ་གཤེགས་ཀྱིས་རང་ཉིད་ཀྱི་རྩ་བའི་བླ་མའཛམ་སྟོན་པས། ཁྱོད་ཀམ་པོའི་གནས་སུ་སོང་ནས་སྒྲུབ་པ་མཛད་དོ། ཀ་ཐོག་ཅེས་པའི་གནས་སུ་སོང་ན་བསྟན་པ་མཐར་རྒྱས་པ་ཞིག་འོང་ཞེས་ལུང་བསྟན་པ་ལྟར། ཉིད་ཀྱི་དགུང་ལོ་སོ་བརྒྱད་པ་སྟེ་རབ་བྱུང་གསུམ་པའི་ས་ཡོས་(༡༢༥༩)ལོར་ཀ་ཐིལ་གྱི་ཕུར་ས་དབྱིབས་ཡི་གེ་ཀ་འདྲ་བ་ཡོད་པའི་ཐོག་ཏུ་དགོན་པ་ཕྱག་བཏབ་པས་དགོན་པའི་མིང་ལ་ཡང་ཀ་ཐོག་ཅེས་གྲགས། དགོན་པ་དེར་ཀ་དམ་པའི་སློབ་མ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ནས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་བར་གདན་རབས་བཅུ་གསུམ་བྱོན་པ་ལ་ཀ་ཐོག་བླ་རབས་བཅུ་གསུམ་དུ་གྲགས་པ་བྱུང་དེ་རྣམས་ཀྱི་ལོ་རྒྱུས་ཞིབ་པ་སྟག་དགེ་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་(གུ་བཀྲ་ཆོས་འབྱུང་)ལྕགས་དཔར་མའི་ཤོག་གྲངས་༣༠༩ནས་༣༡༢བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཀ་ཐོག་&oldid=82584"ལས་སླར་རྙེད་སོང།