ཀ་ཕྱག་ཆུ་བོ་གཉིས་འདྲེས་

འདི་ཡི་གེ་ནོར་བ་སྟེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་བཀའ་གདམས་ཆོས་ལུགས་ཀྱི་ལམ་རིམ་བརྒྱུད་པའི་མན་ངག་དང་མར་མི་དྭགས་གསུམནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གཉིས་ཀྱིབརྒྱུད་པ་ཕྱོགས་གཅིག་ཏུ་འདྲེས་པའམ། ཡང་ན་དེགཉིས་ཀྱི་མན་ངག་ཟུང་འབྲེལ་དུ་ཉམས་བཞེས་གནང་བལ་ཟེར་བས། ཀརྨ་བཀའ་བརྒྱུད་ཀྱི་མན་ངག་དང་། ཕྱག་་རྒྱ་ཆེན་པོའི་མན་ངག་གཅིག་ཏུ་འདྲེས་པ་ལ་གོ་བ་ནི་བོདཀྱི་ནང་ཆོས་ལོ་རྒྱུས་ལ་སྦྱངས་པ་ཆུང་བའི་རྐྱེན་གྱིས་ཡིག་ནོར་བྱུང་བ་ཡིན། ཀ་འཕན། ནང་ས་དང་བོད་ཀྱི་གཙུག་ལག་ཁང་དང་། དགོན་པ་ཁག་གི་མཆོད་ཁང་དང་འདུ་ཁང་ནང་དུ་ཀ་བའི་ངོས་སུ་འགེལ་སྲོལ་ཡོད་པའི་མཆོད་རྫས་ཞིག་གི་མིང་སྟེསྟེང་དུ་འཕན་མགོ་གོས་ཆེན་ནམ་གསེར་ཟངས་ལས་བཟོས་པའི་ཙི་པ་ཊའི་མགོ་དང་དེའི་གཤམ་དུ་འཕན་ལག་དར་སྣེ་གསུམ་གྱི་དབུས་མ་ཞེང་ཆེ་ཞིང་། གཡས་གཡོན་གཉིས་དེ་ལས་ཅུང་ཟད་ཆུང་བའི་སྣེ་མོར་འཛར་ཕོན་གཡེར་ཁ་ཅན་བཏགས་ཡོད་པ་ཞིག་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།