ཀརྨ་རིན་ཆེན་ངེས་དོན་བསྟན་འཛིན་

ཁམས་ཀ་ཐོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དབོན་པོ་ཀརྨ་ངེས་ལེགས་ཀྱི་མཚན། འདི་བོད་ཀྱི་སྐར་རྩིས་ལ་ཤིན་ཏུ་མཁས་པའི་རྩོམ་པ་པོ་ཞིག་སྟེ་དེས་རབ་བྱུང་བཅུ་གཉིས་པའི་ཆུ་བྱི(༡༧༣༢)ལོར་མཛད་པའི《རྩིས་ཀྱི་བསྟན་བཅོས་ཉེར་མཁོ་བུམ་བཟང》ཟེར་བ་ཞིག་སྡེ་དགེ་དཔར་ཁང་དུ་དཔར་ཡོད་དོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།