ཧོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ཀླུ་སྒུག་ནག་སྡེར་གྱི་ ཐང་ཆེན་དབུས་སུ་དཀྱིལ་སྒར་ལྡིང་གུར་ནང་ཡ་སོར་ཁྲི་པ་ གཉིས་(ཡ་སོར་ཁྲི་པ་ཞེས་པ་ནི་སྨོན་ལམ་གཏོར་རྒྱག་གི་ དམག་རུའི་སྤྱི་ཁྱབ་པའི་གོ་གནས་མིང་)མདུན་གྲལ་གཡས་ གཡོན་དག་ཏུ་ཡ་སོར་བྱིངས་འདམ་རྒྱ་ཤོག་པ། སོག་པོ་ཡ་སོར་ བཅས་འཁོད་ཅིང་། གཡས་རུ་གཡོན་རུའི་སྨོན་ལམ་གཏོར་རྒྱག་ གི་རྒྱབ་སྣོན་རྟ་དམག་ལྔ་བརྒྱ་ཐམ་པའི་སྡོད་གུར་གར་སྒྲིག་བྱ་རྒྱུ་ དང་། ཡ་སོར་བགྲེས་པས་རྟ་དམག་རྣམས་ཀྱི་ཉིན་རེའི་བྱེད་སྒོ་ རྣམས་བཀའ་སྒྱུར་ཁྱབ་བསྒྲགས་གནང་གི་རེད།