གེ་སར Gossampinus malabarica

མོ་ལྕམ་སྡེ་ཡི་ལོ་སྐྱུར་ལྗོན་ཤིང་དཔའ་སྡོང་ཟེར་བ་དང་། སྡོང་ཤུན་ཐལ་མདོག་སྡོང་ཕྲན་དང་སྡོང་རྒན་ཡལ་ག་སྦོམ་ཅིང་མཐའ་དག་ལ་སྦོམ་ཞིང་ཐུང་བའི་སྙུང་རིལ་འདྲ་བའི་ཚེར་མ་མཁྲེགས་པོ་མངའ་བ། རྟིང་བའི་ཆ་ན་ལྷག་ཏུ་མང་། ཡལ་གའི་ལྡེབས་སུ་ཐོག་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པ། ཤིང་ལོ་སྟར་གའི་སྡོང་བོ་དང་འདྲ། མེ་ཏོག་གི་མདོག་དམར་རམ་ལི་དམར་ཡིན་པ་འདབ་མ་ལྔ་སྟེ་ཤ་ཡི་རྒྱུ།

ངོ་སྤྲོད རྩོམ་སྒྲིག

ནཱ་ག་པུཥྤེའི་སྐྱེ་དབྱིབས་ལ། འདི་ནི་ལོ་སྐྱུར་ལྗོན་ཤིང་དཔའ་སྡོང་ཟེར་བ་དང་། སྡོང་ཤུན་ཐལ་མདོག་སྡོང་ཕྲན་དང་སྡོང་རྒན་ཡལ་ག་སྦོམ་ཅིང་མཐའ་དག་ལ་སྦོམ་ཞིང་ཐུང་བའི་སྙུང་རིལ་འདྲ་བའི་ཚེར་མ་མཁྲེགས་པོ་མངའ་བ། རྟིང་བའི་ཆ་ན་ལྷག་ཏུ་མང་བ་ཡིན། ཡལ་ག་འཁོར་སྐྱེས་སྙོམས་པར་བགྲད་པ་དང་། སྦལ་ལག་སྦྲགས་མའི་ལོ་མ་ཡ་སྐྱེས་ངར་བ་ལྡན་པ་དང་ལོ་ཆུང་ཕལ་ཆེ་བ་ལྔ་སྟེ་བདུན་ལའང་སླེབས་པ་དང་། འཇོང་ནར་དབྱིབས་དང་ལོ་རྩེ་རིང་ལ་རིམ་གྱིས་རྣོ། རྟིང་བ་ཕུར་དབྱིབས་མཐའ་མཉམ་པ་ཡིན། མེ་ཏོག་གི་མདོག་དམར་རམ་ལི་དམར་ཡིན་པ་དང་། འདབ་མ་ལྔ་སྟེ་ཤ་ཡི་རྒྱུ། ཏིལ་འབྲས་ཆེ་ལ་ཤིང་གི་རྒྱུ་ཡིན། སྨིན་རྗེས་ལྔ་རུ་གས་འདུག་པ་དང་སོན་འབྲུ་མང་བ་སྒོང་གོ་ལྡོག་དབྱིབས་ཡིན་མདོག་ནག་པོ་དང་འཇམ་འོད་འཁྱུག་པ་ཡིན། བ་སྤུ་དཀར་པོ་ནང་དུ་ཡིབ་པ་ཡིན། གཞན་ཤེལ་ཕྲེང་ལས། འདི་མོན་ཡུལ་ནས་འབྱུང་ལ། ཤིང་ལོ་སྡོང་བོ་སྟར་ག་འདྲ་བའི་ཐོག་རྐང་ལ་ཚེར་མ་ཡོད་པ། དེའི་སྡེབས་སུ་ཐོག་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པའི་ཐོག་བུ་ཁ་བྱེ་བ་སྐམ་ནས་ཟངས་གོག་བཅོམ་འདྲ་བ་དེ་ལ་ནཱ་ག་པུཥྤ་ཟེར། མེ་ཏོག་ཁ་བྱེ་ཚར་ནས་ནང་གི་ཟེ་བ་རྟ་རྔ་བསྒྲིམས་འདྲ་བ་དེ་ལ་ནཱ་ག་གེ་སར་རམ། ཨུཏྤལ་གེ་སར་ཟེར། བར་མ་མེ་ཏོག་གི་འདབ་མ་དམར་པོ་དེ་ལ་པདྨ་གེ་སར། ཞེས་གསུངས།

སྡེ རྩོམ་སྒྲིག

མོ་ལྕམ་སྡེ།

རིགས་དབྱེ རྩོམ་སྒྲིག

མེས་ཞལ་དུ། གེ་སར་གསུམ་སྟེ། ནཱ་ག་པཥྭ་དང་། པདྨ་གེ་སར། ནཱ་ག་གེ་སར། ནང་གི་འདབ་མ་དམར་པོ་ནི་པདྨ་གེ་སར་དང་། དེའི་ནང་གི་སྐྲ་འདྲ་བ་ནི་ནཱ་ག་གེ་སར་དང་། ཁ་མ་བྱེ་བའི་ཟངས་ཁོག་བཅོམ་པ་འདྲ་བ་ནི་ནཱ་ག་པུཥྭ་ཡིན་པར་འདོད། ཞེས་དང་། གཞན་བོད་ཀྱི་གསོ་རིག་གི་གཞུང་མང་པོའི་ནང་དུ་འདི་ལྟར་གསུངས་ཡོད།

"https://bo.wikipedia.org/w/index.php?title=གེ་སར་&oldid=135306"ལས་སླར་རྙེད་སོང།