ང་རོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མས་བསྒྲུབ་པའི་བོད་ཀྱི་སྤྱི་ཚོགས་གླེང་བརྗོད་ཀྱི་དུས་དེབ་ཅིག་ཡིན་ལ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། དུས་དེབ་འདི་སྤྱི་ལོ༢༠༠༦ལོ་ནས་སྤེལ་མགོ་བརྩམས་ཤིང་ད་ལྟ་འདོན་ཐེངས་གསུམ་པར་སླེབས་ཡོད། འདོན་ཐེངས་དང་པོའི་གཙོ་སྒྲིག་པ་གངས་རྩེན་དང་འདོན་ཐེངས་གཉིས་པའི་གཙོ་སྒྲིག་པ་གཡུང་དྲུང་སྐྱབས་ཡིན་ལ། ད་ཆ་ལྡོང་བུའི་གཙོ་སྒྲིག་འོག་འདོན་ཐེངས་གསུམ་པ་ལེགས་པར་གྲུབ་སྟེ་དཔར་དུ་བཏབ་ཅིང་བོད་ཁུལ་ལ་འགྲེམ་བཞིན་པའི་སྒང་ཡིན། དུས་དེབ་ཀྱི་ཁ་ཕྱོགས་ཆ་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་ཟུར་གང་རུང་གླེང་བའི་དགག་གཞག་དང་རྩོད་སྒྲུབ་ཀྱི་བརྩམས་ཆོས་ལ་དགའ་བསུ་ཚད་མེད་ཞུ་གི་ཡོད།

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག

ས་གནས་འདིར་ཞུགས་ན་ཐད་ཀར་དྲ་ཐོག་ནས་བཀླག་ཆོག

"https://bo.wikipedia.org/w/index.php?title=ང་རོ།&oldid=142851"ལས་སླར་རྙེད་སོང།