ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན

ཕག་གྲུ་སྡེ་སྲིད་ཁྲི་ཐོག་དང་པོ་འདི་རབ་བྱུང་ལྔ་པའི་ཆུ་སྟག་ལོར་འཁྲུངས། སྤྱི་ལོ་༡༣༥༡ ལོར་ཆོས་གྲྭ་ཆེན་པོ་རྩེད་ཐང་རྒྱ་ཆེར་བཏབ། རབ་བྱུང་དྲུག་པའི་ཤིང་རྟ་ལོར་ཁྲི་དཔོན་མཛད་དེ་ས་སྐྱར་དམག་དྲངས་ནས་དཔོན་ཆེན་དབང་བརྩོན་བཟུང་། ཧོར་རྒྱལ་པོའི་དྲུང་དུ་མི་རྟེན་འབུལ་དང་བཅས་པ་བཏང་བར་བརྟེན། མི་རབས་ལ་ཕན་པའི་འཇའ་ས་དང་བཀའ་ལུང་བཟང་པོ་བྱུང་ནས་ཏའི་སི་ཏུའི་གོ་གནས་འཛིན་པ་དང་། སྣེ་གདོང་རྩེར་ཕག་གྲུ་སྡེ་སྲིད་ཀྱི་བསྟན་ཇུས་བཙུགས་ཤིང་། དེ་རྗེས་སྔར་བོད་ཆོས་རྒྱལ་གོང་མའི་ཁྲིམས་ལུགས་རྣམས་བདེན་རྫུན་ཐང་མར་བརྡལ་ནས་ཁྲིམས་གསར་ཞལ་ལྕེ་བཅོ་ལྔར་གཏན་ལ་ཕབ། སྔར་གྱི་གཞིས་ཀ་རྫོང་དུ་བསྒྱུར་ནས་རྫོང་དཔོན་གཏོང་སྲོལ་གསར་དུ་བཙུགས།