དགེ་རྒན་ཆེན་མོ་དགྲ་འདུལ་ལགས་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་དང་། གཙོ་འགན་སྨན་པ་ཡིན་ཞིང་སྔ་རྗེས་སུ་སྨན་རྩིས་ཁང་གི་ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག སྨན་སྦྱོར་ཚན་ཁག་ལ་སོགས་པའི་ལས་སྒོའི་འགན་བཞེས་གནང་ལ། ཡོན་ཏན་གྱིས་ཕྱུག་ཅིང་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་མཁས་པ་དང་། སྐུ་ཚེ་གང་པོར་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་དང་ཚན་རྩལ་ཞིབ་འཇུག་གི་ཕྱག་ལས་ལ་གཞོལ་བས་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་ཆེད་རྩོམ་མང་དག་ཅིག་དཔེ་བསྐྲུན་གནང་བ་དང་། སྔ་རྗེས་སུ་བོད་ལུགས་གསོ་རིགས་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག བོད་སྨན་གསར་སྤེལ་དང་ཞིབ་འཇུག སྨན་བཅོས་བྱེད་དཀའ་བའི་ནད་རྟགས་ཀྱི་ནད་ཐོག་ཞིབ་འཇུག བོད་ལུགས་གསོ་རིག་གི་ཕྱི་བཅོས་གསོ་ཐབས་རྒྱུན་འཛིན་དང་འཕེལ་རྒྱས་ཞིབ་འཇུག་བཅས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཁག་ནང་ཞུགས་གནང་ཡོད། དགེ་རྒན་ཆེན་མོ་དགྲ་འདུལ་ལགས་ཀྱིས་ལོ་མང་རིང་བོད་ལུགས་གསོ་རིགས་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག བོད་སྨན་གསར་སྤེལ་དང་སྨན་བཅོས་བྱེད་དཀའ་བའི་ནད་རྟགས་ཀྱི་ནད་ཐོག་ཞིབ་འཇུག་བཅས་ལ་གཙོ་བོར་ཁ་ཕྱོགས་ནས། བོད་ལུགས་གསོ་རིགས་དང་བོད་སྨན་སྨན་བཅོས། ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ལས་དོན་གང་མང་སྤེལ་གནང་བ་རེད། དེའི་ནང་ནས་གྲུབ་འབྲས་གཙོ་བོ་ནི། ༡༩༩༩ལོ་ནས་ད་ལྟའི་བར་དུ་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར་གནང་བ་དང་༢༠༠༥ལོ་ནས་བཟུང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་ཆེན་གཉིས་མཉམ་འབྲེལ་གྱི་ཐོག་ནས་བོད་ལུགས་གསོ་རིག་ཆེད་ལས་ཀྱི་འབུམ་རམ་པ་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་གནང་། ༢༠༠༠ལོའི་ཟླ་༨པར་རྒྱལ་སྤྱིའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ 《བོད་སྨན་གྱིས་བྱིས་པའི་ཚོར་ཐལ་རང་བཞིན་གྱི་སྨུག་ཐིག་བཅོས་པའི་ནད་ཐོག་ཞིབ་འཇུག་》ཅེས་པའི་དཔྱད་རྩོམ་སྤེལ་གནང་བ་དང་སྦྲགས་བགྲོ་གླེང་གནང་། ༢༠༠༡ལོ་ནས་བཟུང་《ཀྲུང་ཧྭའི་སྔོ་སྨན། བོད་སྨན་དཔེ་ཆ་》ཞེས་པ་དང་།༼༢༠༠༢ལོར་ཧྲང་ཧེའི་ཚན་རྩལ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།༽《བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་》༼༢༠༠༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།༽ལ་སོགས་པའི་ཆེད་རྩོམ་རྩོམ་སྒྲིག་དང་དཔར་བསྐྲུན་གནང་ཞིང་། དེའི་ནང་ནས་ཀྲུང་ཧྭའི་སྔོ་སྨན། བོད་སྨན་དཔེ་ཆ་》ཞེས་པར་༢༠༠༤ལོར་ཀྲུང་ཧྭ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་ཀྱི་ཚན་རྩལ་རིགས་གཞུང་གི་བརྩམས་ཆོས་བྱ་དགའ་རིམ་པ་གཉིས་པ་ཐོབ། མིག་སྔའི་བར་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་དོ་དམ་ཅུད་ཀྱི་རྣམ་གྲངས་ ༺རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཚད་ལྡན་ཡིག་ཆའི་དཀར་ཆག་ཞིབ་འཇུག་༻དང་།༼༢༠༠༡-༢༠༠༤ལོ། རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་༦བཏང་་༽རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་དོ་དམ་ཅུད་ཀྱི་རྣམ་གྲངས་༺བོད་སྨན་ལྕགས་ཕྱེ་བདུན་པས་མཆིན་པ་སྲ་འགྱུར་གྱི་ནད་བཅོས་པའི་ནད་ཐོག་ཞིབ་འཇུག་༻༼༢༠༠༢- ༢༠༠༤ལོ། རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་༨བཏང་༽རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་དོ་དམ་ཅུད་ཀྱི་རྣམ་གྲངས་༺བོད་ལུགས་གསོ་རིག་གི་ཕྱི་བཅོས་ཆེད་སྦྱོང་ཚན་ཁག་འཛུགས་སྐྱོང་༻༼༢༠༠༢- ༢༠༠༤ལོ། རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་༥༠བཏང་༽རྒྱལ་ཁབ་ཀྱི་ལོ་ལྔ་ཚན་གྱི་སྤྱི་འབྲེལ་རྣམ་གྲངས་བཅོ་ལྔ་པ་༺བོད་སྨན་བི་ཁང་གསར་སྤེལ་དང་ཞིབ་འཇུག་༻༼༢༠༠༣-༢༠༠༧ལོར་རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་༨༠བཏང་༽སོགས་གལ་ཆེའི་རྣམ་གྲངས་ཀྱི་རེ་ཞུ་དང་འཛུགས་སྐྱོང་གི་ལས་དོན་ལ་སོགས་པ་གཙོ་སྐྱོང་མཛད། ༢༠༡༤ལའོ་ཟླ་བ་༡༠པའི་ཚེས་༣༠ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དེ་བཞིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་སྨན་རྫས་དོ་དམ་ཅུད་ཀྱིས་མཉམ་དུ་རྒྱལ་ཁབ་ཀྱི་ལྷ་རྗེ་ཆེན་མོའི་གཟེངས་བསྟོད་ཚོགས་ཆེན་སྐབས་གཉིས་པ་འཚོག་པ་དང་། དགྲ་འདུལ་ལགས་ནས་གཙོས་པའི་མི་༢༩༺རྒྱལ་ཁབ་ཀྱི་ལྷ་རྗེ་ཆེན་མོ་༻ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་གནང་བ་དང་སྦྲགས།ཞིང་ཆེན་རིམ་པའི་སྔོན་ཐོན་ལས་དོན་པ་དང་ངལ་རྩོལ་དཔེ་བཟང་གི་ཐོབ་ཐང་གནང་ཡོད།

དགྲ་འདུལ།
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། Edit this on Wikidata
སྲིད་ཏང་ཀྲུང་གོ་གུང་ཁྲན་ཏང། Edit this on Wikidata
Template loop detected: Template:Infobox person/Wikidata