དེ་རིང་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་དཔྱད་འདེམ་གནང་བའི་༢༠༡༠ལོའི“རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་ཕུལ་བྱུང་མི་སྣའི”འཐུས་མི་ཡིན་པའི་ངོས་ནས་འདིར་ལྷན་རྒྱས་དང་བགྲོ་གླེང་བྱེད་རྒྱུ་བྱུང་བར་ང་གཟི་བརྗིད་དང་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། སྤོབས་སེམས་སྐྱེས་དོན་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་གྲུབ་འབྲས་ཆེན་པོ་བྱུང་བས་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྒྱལ་ནང་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་བྱེད་འགོ་ཚུགས་ཤིང་། རྒྱ་ཆེའི་ཚན་རྩལ་མི་སྣ་ཚོས་མཉམ་དུ་ཧུར་བརྩོན་དང་། སློབ་སྦྱོང་མིག་ལྟོས་དང་གསར་གཏོད་བཅས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་འོག མིག་སྔར་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཆུ་ཚད་ཕྱི་རྒྱལ་ལས་བརྒལ་ནས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་གྲས་སུ་ཚུད་པ་དང་། རྒྱ་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་ལག་རྩལ་དང་མཉམ་པར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ལྡན་ཡོད།

དངོས་གྲུབ།
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
Template loop detected: Template:Infobox person/Wikidata

བོད་ཡིག་ཆ་འཕྲིན་ལག་རྩལ་སྤེལ་མཁན་གྱི་ཚན་རྩལ་ལས་དོན་པ་གཅིག་གི་ངོས་ནས་བརྗོད་ན། རང་ཉིད་ལ་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་སྐལ་བ་བཟང་པོ་འདི་ཐོབ་བྱུང་།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཚན་རྩལ་སློབ་གསོའི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཤེས་ལྡན་མི་སྣ་ལས་བཟོའི་གྲལ་རིམ་གྱི་ཆ་ཤས་ཤིག་ཏུ་གྱུར་བས། རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ༡༩༩༧ལོར་སློབ་གྲྭའི་བཀོད་སྒྲིག་འོག་རང་ཉིད་ཕྱི་རྒྱལ་དུ་ཟབ་སྦྱོང་དུ་འགྲོ་བའི་གོ་སྐབས་རག་པས་འཛམ་གླིང་གི་སྔོན་ཐོན་ཆ་འཕྲིན་ལག་རྩལ་སློབ་སྦྱོང་བྱས་པ་ཡིན། རྒྱལ་ནང་དུ་ལོག་རྗེས་ངས་རྩིས་འཁོར་ཚན་རྩལ་ཚན་ཁག་གི་ཚན་རྩལ་ལས་མི་རྣམས་ཀྱི་སྣེ་འཁྲིད་ནས། གཏིང་ཟབ་པའི་ཆེད་ལས་ལག་རྩལ་གྱི་ཤེས་བྱ་འདོན་སྤེལ་དང་། བོད་ཀྱི་སྐད་ཡིག་གི་ཡི་གེའི་ཁྱད་ཆོས་ཟུང་དུ་སྦྲེལ་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་དང་རྩེར་སོན་གྱི་ཞིབ་འཇུག་གསར་སྤེལ་ལས་དོན་ཁྱབ་ཆེ་བར་སྤེལ། དེའང་བོད་ཡིག་གི་ཡི་གེའི་ཨང་རྟགས་དང་། བོད་ཡིག་ནང་འཇུག་བྱ་ཐབས། བོད་ཡིག་བཀོལ་སྤྱོད་མ་ལག བོད་ཡིག་གཞུང་ལས་མཉེན་ཆས་ལ་སོགས་པར་འབྲེལ་ཡོད། གཞན་ཡང་རྒྱལ་སྤྱི་རྒྱལ་ནང་གི་དུས་དེབ་མི་འདྲ་བའི་ཐོག་དཔྱད་རྩོམ་སུམ་ཅུ་ལྷག་ཙམ་སྤེལ་བ་ཡིན།

ང་ཚོས་འགན་འཁུར་བའི་ཚན་རིག་ཞིབ་འཇུག་རྣམ་གྲངས་དང་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་ལ་རིག་གཞུང་དང་དཔལ་འབྱོར་རིན་ཐང་ཆེན་པོ་ལྡན་ཡོད་པ་མ་ཟད། བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་རིག་གཞུང་མ་ལག་འཛུགས་པར་དོན་དངོས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། བོད་ལྗོངས་དང་ནང་སའི་བར་གྱི་“གྲངས་ཀའི་ཧེ་བག་”ཆུང་དུ་གཏོང་བ་དང་། བོད་ལྗོངས་ཀྱི་“ཆ་འཕྲིན་མྱུར་བགྲོད་གཞུང་ལམ་”འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། བོད་ལྗོངས་ཀྱི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཡོང་བར་དོན་སྙིང་ཆེན་པོ་ལྡན་ཡོད་ཅིང་། གླེང་རྩོད་མེད་པའི་དོན་དངོས་ཀྱིས་ནུབ་ཕྱོགས་ཀྱི་དགྲར་འཛིན་སྟོབས་ཤུགས་དང་ཏྰ་ལའི་ཁ་བྲལ་རུ་ཚོགས་ཀྱིས་རྒྱ་ཁྱབ་ཏུ་སྨྲ་བའི་“བོད་མི་རིགས་ཀྱི་རིག་གནས་རྩ་མེད་དུ་ཕྱིན་པར་ཞེས་པ་”ལ་དགག་པ་བརྒྱབ་ཡོད།

ཚན་རྩལ་སྣེ་ཁྲིད་པ་ཞིག་གི་ངོས་ནས་ཚན་རིག་སྣོལ་མའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པ་ཞིག་གི་འགོ་འཁྲིད་བཞིན་ཡོད། ༢༠༠༧ལོར་ངེད་ཚོགས་པས་རང་སྐྱོང་ལྗོངས་གཙོ་གནད་རིག་གཞུང་ཚན་ཁག་རྩིས་འཁོར་བཀོལ་སྤྱོད་གཙོར་བྱས་ཤིང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོད་ལྡན་པའི་རང་སྐྱོང་ལྗོངས་གཙོ་གནད་རིག་གཞུང་ཚན་ཁག་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དང་མཉམ་འབྲེལ་གྱིས། ཕྱོགས་གཉིས་ཀའི་ཞིབ་འཇུག་སྟོབས་ཤུགས་དང་ཞིབ་འཇུག་གྲུབ་འབྲས་སྡེབ་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་གསོ་པུའུ་ལས་གྲྭའི་ཞིབ་འཇུག་ལྟེ་གནས་གཅིག་པུ་དེ་དབུ་བརྙེས། ༢༠༠༩ལོར་ཡིག་ཞུ་ཕུལ་བའི་“རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་”སློབ་ཁྲིད་ཚོགས་པ་དེ་ནི་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པར་དཔྱད་འདེམས་གནང་ཡོད།


བོད་ལྗོངས་སློབ་ཆེན་གྱི་བཟོ་རྩལ་སློབ་གླིང་། དངོས་གྲུབ།(欧珠)