དེབ་ཐེར་དམར་པོའི་དང་པོ་ཧུ་ལན་དེབ་གཏེར་ཞེས་བྱ་བ། ཚལ་པ་ཀུན་དགའ་རྡོ་རྗེས་རབ་བྱུང་དྲུག་པའི་མེ་ཁྱི་ལོར་བརྩམས། རྒྱ་གར་གྱི་རྒྱལ་རབས་དང་ཤཱཀྱའི་གདུང་རབས་དང་། རྒྱ་ནག་གྱི་རྒྱལ་རབས། ཧོར་གྱི་རྒྱལ་རབས། བོད་ཀྱི་བཙན་པོ་རིམ་བྱོན་དང་ས་སྐྱ་བས་དབང་བསྒྱུར་བ་ཡན་ཆད། བོད་ཀྱི་ཆོས་འབྱུང་བཅས་སྐབས་བཞི་ཡོད་པ་དང་། ཁྱད་པར་དུ་རྒྱ་ཡིག་གི་དེབ་ཐེར་མང་དུ་དྲངས་ནས་རྒྱ་བོད་བར་གྱི་འབྲེལ་ལམ་ཞིབ་ཏུ་བཀོད་པ་ཞིག་ཡིན། སྔར་བྲིས་མ་ཐར་ཐོར་ལས་པར་མ་མེད། དེའི་རྩོམ་པ་པོ་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཡིན་པར་བཤད་ཚུལ་ཡང་ཡོད། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ལྕགས་པར་དུ་བསྐྲུན་ཡོད། གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་རབ་བྱུང་དགུ་པའི་ས་ཁྱི་ལོར་སྦྱར་བའི་ཁ་སྐོང་མ་དེབ་ཐེར་དམར་པོ་གསར་མ་ཞེས་བྱ་བ་བྲིས་མ་ཞིག་ཀྱང་ཡོད།