མཚན་གྱི་རྣམ་གྲངས། རྩོམ་སྒྲིག

  • བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་འཕྲེང་བ་ཞེས་བྱ་བ།
  • བཀའ་ཆེམས་ཀ་ཁོལ་མ།

མཛད་པ་པོ རྩོམ་སྒྲིག

རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟེ་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བོད་རབ་བྱུང་དང་པོའི་བགྲང་བྱ་ཉེར་གཉིས་པ་ས་བྱི། སྤྱི་ལོ༡༠༤༩ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་མོའི་ཀ་བ་བུམ་པ་ཅན་ནས་གཏེར་དུ་དྲངས་པའོ། །

ནང་དོན་གཙོ་བོ། རྩོམ་སྒྲིག

བརྗོད་བྱ་གཙོ་བོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་གཙོ་བོ་བཀོད་ཅིང་མཇུག་བསྡུ་བའི་དོན་དང་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་ནོ། ། ལེའུ་དང་པོ། ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བ། ལེའུ་གཉིས་པ། སྐུ་ལུས་ཀྱི་བཀོད་པ་མཛད་པ། ལེའུ་གསུམ་པ། སྤྲུལ་སྐུས་འདུལ་བ། ལེའུ་བཞི་པ། ཟབ་ཟིང་གིས་བཏུལ་བ། ལེའུ་ལྔ་པ། རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ལོ་རྒྱུས། ལེའུ་དྲུག་པ། ལྷ་ཐོ་ཐོ་རི་སྙན་ཤལ་གྱིས་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ། ལེའུ་བདུན་པ། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས། ལེའུ་བརྒྱད་པ། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སངས་རྒྱས་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་བསྐུར་པ། ལེའུ་དགུ་པ། སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏིས་ཡི་དམ་གྱི་ལྷ་སྤྱན་དྲངས་པ། ལེའུ་བཅུ་པ། ལྷ་གཅིག་ཁྲི་བཙུན་སྤྱན་དྲངས་པ། ལེའུ་བཅུ་གཅིག་པ། ལྷ་གཅིག་ཨོང་ཅོང་སྤྱན་དྲངས་པ། ལེའུ་བཅུ་གཉིས་པ། ལྩ་ཅིག་ཨོང་ཅོང་གིས་ས་དཔྱད་རིན་ཆེན་སྤུངས་པ་མཛད་པ། ལེའུ་བཅུ་གསུམ་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པ་དང་ཁ་བ་ཅན་གྱི་འདྲེ་སྲིན་བཏུལ་བ། ལེའུ་བཅུ་བཞི་པ། ལྷ་གཅིག་བལ་བཟའ་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེངས་པ། ལེའུ་བཅུ་ལྔ་པ། སྲོང་བཙན་སྒམ་པོས་དགེ་བའི་མཛད་པ་རྣམས་ཚར་བ་དང་། བཙུན་མོ་དྲུག་གིས་ཕྱག་རྗེས་ཀྱི་མཛད་པ་ལྷ་ཁང་འབྱོངས་པ། ལེའུ་བཅུ་དྲུག་པ། ཆོས་འཁོར་ལྷ་ས་བཞེངས་པའི་ལོ་རྒྱུས་དང་མ་འོངས་བསླབ་བྱའི་བཀའ་ཆེམས། བཀའ་ཆེམས་ཀྱི་མཇུག་བསྡུ་བ།

དཔྱད་གཏམ། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག