སྤྱི་བཤད། རྩོམ་སྒྲིག

བརྟན་སྐར་ཞེས་པ། ཤིན་ཏུ་ཚ་བའི་རླངས་པ་ལས་གྲུབ་ཅིང་རང་སྟེང་ནས་འོད་འཚེར་ཐུབ་པའི་སྐར་མའི་ཚོགས་ཏེ། དེ་དག་གི་གནས་མི་འགྱུར་བར་བརྟན་ པ་ལྟར་ཡོད་པས་བརྟན་སྐར་ཞེས་བརྗོད་དོ། །ཞེས་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་ བཀོལ་མིང་མཛོད་ལས་སོ། །


སྤྱིར་བཤད་ན་བརྟན་སྐར་ཐམས་ཅད་ནི་རླངས་པ་ལས་གྲུབ་པ་ཡིན་པས་རླུང་གཟུགས་ཡིན། ནམ་མཁའ་གཡའ་དག་ཅིང་ཟླ་འོད་མེད་པའི་མཚན་མོར་འོད་དང་འབགས་རྡུལ་ མེད་པའི་ས་ཆ་ནས་ཆུ་བུར་མིག་གིས་མཐོང་ཐུབ་པའི་བརྟན་སྐར་གྱི་ གྲངས་ནི་༦༠༠༠ ལྷག་ཙམ་ཡིན། རྒྱང་ཤེལ་ལ་བརྟེན་ན་བརྟན་སྐར་འབུམ་ཕྲག་ཁ་ཤས་ནས་ས་ཡ་ཁ་ཤས་མཐོང་ཐུབ། དགུ་ཚིགས་ཀྱི་ཁོངས་བརྟན་སྐར་ཁྲག་ཁྲིག་གཉིས་ ༼༢༠༠༠༠༠༠༠༠༠༠༠༽ནས་ཁྲག་ཁྲིག་དྲུག་༼༦༠༠༠༠༠༠༠༠༠༠༠༽གི་ བར་ཡོད། འཇིག་རྟེན་ཁམས་སུ་སྐར་རྒྱུད་ཀྱི་གྲངས་ནི་ཆེ་ཆུང་དགུ་ཚིགས་དང་འདྲ་བ་ཁྲག་ཁྲིག་གཅིག་༼༡༠༠༠༠༠༠༠༠༠༠༠༽ནས་གཉིས་༼༢༠༠༠༠༠༠༠༠༠༠༠༽ བར་ཡོད་པའོ། །

བར་ཐག རྩོམ་སྒྲིག

ང་ཚོ་ཡོད་སའི་ཉི་མའི་ཁྱིམ་རྒྱུད་ཀྱི་གཙོ་གཟའ་ཉི་མ་ནི་བརྟན་སྐར་ཞིག་རེད། རང་ཅག་ནས་ཐག་ཉེ་ཤོས་ཀྱི་བརྟན་སྐར་ཡང་འདི་རེད། སའི་གོ་ལ་ནས་བརྟན་སྐར་སོ་སོའི་ བར་གྱི་བར་ཐག་བརྗོད་ཚེ་སྤྱི་ལེ་༼ km ༽རྩིས་གཞིར་བྱས་ན་ཧ་ ཅང་ཆུང་བས་འོད་ལོ་ཞེས་པའི་རྩིས་གཞི་བེད་སྤྱོད་གཏོང་གི་ཡོད། འོད་ལོ་ནི་འཛམ་གླིང་ཐོག་ཆེས་མྱུར་བའི་འོད་དེ་ལོ་གཅིག་གི་རིང་ལ་ཇི་ཙམ་སོང་བའི་བར་ཐག་ལ་ཟེར།

བརྟན་སྐར་གྱི་ཁྱད་ཆོས་གཙོ་བོ་གཉིས། རྩོམ་སྒྲིག

བརྟན་སྐར་གྱི་ཁྱད་ཆོས་གཙོ་བོ་གཉིས་ནི་དྲོད་ཚད་དང་ལྟོས་མེད་གསལ་ཚད་རེད། སྤྱིར་སྐར་མའི་གསལ་ཚད་ལ་རིམ་པ་དྲུག་ཡོད་ལ། རིམ་པ་དྲུག་པ་ནི་ཆེས་མི་གསལ་བའི་ ཚད་ཡིན་ཞིང་རིམ་པ་དང་པོ་ནི་ཆེས་གསལ་བའི་ཚད་རེད།

ད་དུང་གཟིགས། རྩོམ་སྒྲིག

·གཟའ་སྐར་རིག་པ།

·གཡོ་སྐར།

ཕྱི་ཕྱོགས་དྲྭ་མཐུད། རྩོམ་སྒྲིག

རོང་བན། ༠༨:༣༥, ༡༤ ཟླ་བདུན་པ། ༢༠༡༡ (UTC)