བླ་མ་བསྟེན་པའི་འདུ་ཤེས་ཡང་ལོག་གཉིས།

 

༄། ལམ་རིམ་རིན་ཆེན་སྤུངས་པར་གསུངས་པའི་བླ་མ་བསྟེན་པའི་འདུ་ཤེས་ཡང་ལོག་གཉིས་བཞུགས།



གཏན་འདུན་གཉེར་བའི་སྐལ་ལྡན་སྐྱེས་བུ་ཡིས། །མཚན་ཉིད་ལྡན་པའི་བཤེས་གཉེན་བསྟེན་པ་ལ། །མ་ཧཱ་གུ་རུ་པདྨའི་ཞལ་སྔ་ནས། །རང་ཉིད་དུག་ལྔའི་ནད་ཀྱིས་ཟིན་པ་༡ དང་། །གདམས་ངག་བདུད་རྩི་༢ བླ་མ་སངས་རྒྱས་༣ དང་། །ཉམས་ལེན་དུག་ལྔ་སེལ་བའི་འདུ་ཤེས་༤ ཏེ། །བཞི་པོ་ཡང་དག་འདུ་ཤེས་སུ་གསུངས་ཤིང་། །སློབ་མ་རང་ཉིད་རྒྱལ་པོ་༡ ཆོས་ཚོང་ཟོང་༢ །།བླ་མ་ཚོང་པ་༣ ཉན་བཤད་ཚོང་འདུ་ཤེས༤ ། །འདི་བཞི་སྤང་བྱ་ལོག་པའི་གནས་སུ་བསྟན། །འཁྲུལ་མེད་བཀའ་གཏེར་མཐུན་པའི་གདམས་ངག་སྟེ། །བརྗེད་ངེས་རྐུན་པོར་དོགས་པས་ཟིན་ཐོར་སྦས། །རབ་རྒྱན་ཆུ་འབྲུག་ནག་ཉའི་དུས་ཆེན་ལ། །དཔལ་ལེགས་མིང་པས་དར་མདོར་ཚིགས་བཅད་བསྡེབས།།  །།


༜ ལམ་རིམ་རིན་ཆེན་སྤུངས་པ་ཞེས་པ་རྙིང་མའི་བཀའ་གཏེར་གཉིས་ཀ་ནས་བྱུང་བའི་གུ་རུ་རིན་པོ་ཆེས་མཛད་པའི་ལམ་རིམ་ཞིག་གོ །