ཞ 1.བོད་ཡིག་གསལ་བྱེད་ཉེར་གཅིག་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང༌། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་དྲོ་ཞིང་སྒྲ་མེད་པ། 2.མིང་གཞིའི་མོ་ཡིག་ཅིག 3.(བྱེད་མེད་ལས་ཚིག) 1>ཡན་ལག་སྐྱོན་ཅན་དུ་གྱུར་པ་སྟེ།

                   (དཔེར་ན།) རྐང་པ་ཞ རྐང་པ་ཞ་བའི་སྲོག་ཆགས་ཞེས་པ་ལྟ་བུ།

2>སེམས་ཀྱི་སྣང་བ་སོགས་མི་མངོན་པར་གྱུར་པ་དང་ཡིབ་པའི་དོན་ཏེ།

                  (དཔེར་ན།) ཞེ་སྡང་བག་ལ་ཞ། དོགས་ཟོན་བག་ལ་ཞ་མི་རུང་། གཉིད་ཚེ་རིག་པ་བག་ལ་ཞ་ཞེས་པ་ལྟ་བུ། 

3>གཞན་གྱི་ནོར་རྫས་སོགས་རང་གིས་ཚབ་དགོས་བྱུང་བ་སྟེ།

                  (དཔེར་ན།) སྤྱི་རྒྱུ་སྒེར་གྱི་མགོར་ཞ་ལྟ་བུ། 

4.ཞ་ཉེ་ཡི་མིང་བསྡུས་པ། 5.སྒོ་ཕྱུགས་ཀྱི་སྐྱེ་འཕེལ་གྱི་དབང་པོ་ཉམས་པར་བྱེད་པའི་ཕྱ་ཡི་འབྲི་ཚུལ་གཞན།

"https://bo.wikipedia.org/w/index.php?title=ཞ&oldid=139344"ལས་སླར་རྙེད་སོང།