ཟ 1.བོད་ཡིག་གསལ་བྱེད་ཉེར་གཉིས་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་དྲོ་ཞིང་སྒྲ་མེད་པ། 2.མིང་གཞིའི་མོ་ཡིག་ཅིག 3.འཛའ་ཡི་མ་འོངས་པ་སྟེ།

             (དཔེར་ན།) རྒྱུ་ལས་འབྲས་བུ་འབྱུང་བ་ཆུད་མི་ཟ་ཞེས་པ་ལྟ་བུ།

4.(བྱེད་འབྲེལ་ལས་ཚིག) ཟོས་པའི་ད་ལྟ་བ། ཟས་ལ་ལོངས་སྤྱོད་པ་སྟེ།

             (དཔེར་ན།) མགྲོན་པོས་ཟས་ཟ་བཞིན་འདུག ཟས་ཟ་མཁན་ཞེས་པ་ལྟ་བུ། 

5.(བྱེད་མེད་ལས་ཚིག) ཟོས་པའི་མ་འོངས་པ་དང་ད་ལྟ་བ། སྐྱེ་བ་དང་འབྱུང་བའི་དོན་ཏེ།

             (དཔེར་ན།) དོགས་པ་ཟ། འཚིག་པ་ཟ་ཞེས་པ་ལྟ་བུ།
"https://bo.wikipedia.org/w/index.php?title=ཟ&oldid=70253"ལས་སླར་རྙེད་སོང།