འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན།

༄། འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་བཞུགས།


ཨོཾ། སྐུ་མཆོག་འཇམ་དཔལ་གཞོན་ནུར་ཕྱག་འཚལ་ལོ།།
འཇམ་དབྱངས་གསུང་དབང་ཕྱུག་ལ་ཕྱག་འཚལ་ལོ།།
མཁྱེན་རབ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ།།
རྒྱལ་ཀུན་ཡེ་ཤེས་རྡོ་རྗེར་ཕྱག་འཚལ་ལོ།།
ཡེ་ཤེས་རལ་གྲི་འཛིན་ལ་ཕྱག་འཚལ་ལོ།།
ཐབས་ཀྱི་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ།།
ཤེས་རབ་མདའ་རྣོན་འཕེན་ལ་ཕྱག་འཚལ་ལོ།།
སྙིང་རྗེའི་གཞུ་ཆེན་འཆང་ལ་ཕྱག་འཚལ་ལོ།།
བདག་གིས་མགོན་པོ་འཇམ་དབྱངས་ཁྱོད་དྲན་ཏེ།།
གུས་པས་གསོལ་བ་སྙིང་ནས་འདེབས་ལགས་ན།།
ཐུགས་དམ་ཆེན་པོས་ཉེ་བར་རྗེས་བཟུང་ནས།།
སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ།།
ཨོཾ་ཨ་ར་པ་ཙ་ན་དྷཱི་ཧཱུཾ།  ཞེས་པའང་ལྕགས་སྦྲུལ་ཟླ་བ་དགུ་པའི་ཚེས་ཉི་མའི་གྲངས་ཟིལ་གནོན་ཆེན་པོའི་བསྙེན་སྒྲུབ་ལ་གནས་པའི་ཐུན་སྐབས་ཤིག་ཏུ་དྷཱིས་བྲིས་པ་མངྒ་ལཾ།།དགེའོ།།


༜ བསྟོད་པ་འདིའི་མཛད་པ་པོ་དྷཱི་ཞེས་པ་ནི་འཇུ་མི་ཕམ་རིན་པོ་ཆེའོ།

༜ ལྕགས་སྦྲུལ་ཞེས་པ་༼སྤྱི་ལོ༡༨༨༡༽རབ་བྱུང་བཅོ་ལྔ་པའི་ནང་ཚན་རེད།