ང་ནི་ཡར་འབྲོག་གཡུ་མཚོ་ལ་དགའ་ཞིང་ཡར་འགྲོག་གཡུ་མཚོ་ལ་དུང་བ་ཟབ། འཛམ་གླིང་ཐོག་ཡར་འབྲོག་གཡུ་མཚོ་གཅིག་མ་གཏོགས་མེད་ལ། འཛམ་གླིང་གི་ས་སྒང་འདི་ཡི་ཐོག་ཡར་འབྲོག་གཡུ་མཚོ་ནི་ངས་སེམས་གཏིང་གི་མཚོ་གཅིག་པུ་དེ་ཡིན། ཡར་འབྲོག་གཡུ་མཚོ། ངས་ཁྱེད་ཀྱི་མཚན་སྔ་ས་གོ་མྱོང་ཡང་། ང་ཁྱེད་དང་ད་བར་འཕྲད་མ་མྱོང་། ཨོ་རེད། བོད་ཁ་བ་གངས་ཅན་པའི་གཡུ་ཡི་མཚོ་མོ་བཞི། ངས་རྒྱང་རིང་ནས་ཁྱེད་རྣམས་མཇལ་འདོད་ཀྱི་འདུན་པ་ཟབ། ཁྱེད་རྣམས་མཇལ་བའི་སྨོན་འདུན་ཟབ། དངས་གཙང་གི་མཚོ་མོ་བཞི། མཛེས་ལྡན་གྱི་མཚོ་མོ་བཞི། ཇི་སྲིད་གོ་ལ་འདི་གནས་ཁྱེད་རྣམས་གཟིགས་བརྗིད་ཀྱི་ངང་ནས་གནས་པར་སྨོན། གཡུ་ཡི་མཚོ་མོ་རྣམས་བཞི། ངས་སེམས་ནང་གི་ཡར་འབྲོག་གཡུ་མཚོ། ངས་�ཞི་བདེའི་རྒྱ་མཚོའི་ཕར་ཁ་ནས་ཁྱེད་རྣམས་དྲན་བཞིན་ཡོད་ལ། ངས་ས་ཆེན་གོ་ལིའི་རྒྱབ་ངོས་ནས་ཁྱེད་རྣམས་ལ་སྟོད་དབྱངས་སྒྲོགས་�བཞིན་ཡོད། གཡུ་མདོག་གི་མཚོ་མོ་རྣམས་བཞི། སེམས་ནང་གི་ཡར་འབྲོག་གཡུ་མཚོ། ཡར་འབྲོག་གཡུ་མཚོ/ I LOVE YAR DROK YU TSO. ནི་མཚོ་ཆེན་བཞིའི་ཡ་གྱལ་ཞིག་ཡིན།

གནས་བབ། རྩོམ་སྒྲིག

ཡར་འབྲོག་གཡུ་མཚོ་ནི་དབུས་གཙང་གཉིས་ཀྱི་བར་དུ་གནས་ཤིང་། ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་དུ་གནས་ཡོད། 

ལོ་རྒྱུས་སམ་ཤོད་སྲོལ། རྩོམ་སྒྲིག

ཡར་འབྲོག་ཅེས་པ་ནི་ཡུལ་མིང་མཚོར་ཐོགས་པའམ་ཡང་ན་མཚོ་མིང་ཡུལ་དུ་ཐོགས་པར་གསུངས་ཤིང་། དེར་སྙན་པར་ཁྱབ་པའི་ཤོད་རྒྱུན་དང་ལྡན་པ་སྟེ། སྤྱིར་ན་གངས་ལྗོངས་ཀུན་ཏུ་བླ་མཚོ་མོ་དང་གནས་རི་ཕོ་བཞིན་དུ་རྟགས་ནས་ཕན་ཚུན་བཟའ་མཚོ་ཡིན་པའི་ཤོད་རྒྱུན་ཀུན་ཏུ་ཁྱབ་ཀྱང་ཡར་འབྲོག་གཡུ་མཚོར་དེ་དང་མི་མཐུན་པའི་ཤོད་སྲོལ་ངོ་མཚར་ལྡན་པ་ཞིག་ཡོད། ཡར་འབྲོག་གཡུ་མཚོ་ནས་རྒྱང་ཐག་མི་རིང་བའི་སར་ཕུ་མ་གཡུ་མཚོ་ཞེས་པ་ཞིག་གནས་ཤིང་། མཚོ་དེ་གཉིས་ཚན་ཚུན་བཟའ་མཚོ་ཡིན་པར་བཤད་དེ། ཡར་འབྲོག་གཡུ་མཚོ་ནི་དྭངས་ཤིང་སྔོ་བ་དང་གནམ་གཤིས་དང་བསྟུན་ནས་མཚོ་ཁ་དོག་ལ་གྱུར་བ་འགྲོ་བས་རྒྱན་ཆ་དང་བྱི་དོར་ལ་དགའ་བའི་བུད་མེད་ལྟ་བུ་དང་ཕུ་མ་གཡུ་མཚོ་ནི་ཕོ་ཡིན་པས་དེ་ལས་ཅུང་རྙོག་ཅིང་ཁ་དོག་ལ་མངོན་གསལ་དོད་པའི་གྱུར་བ་མེད། ལོ་འཁོར་གཅིག་སྟེ་ལོ་ངོ་བཅུ་གཉིས་ནང་མཚོ་ཆུ་ལུད་དེ་ཕན་ཚུན་ལུས་འབྲེལ་ཐེངས་གཅིག་ཡོང་གི་ཡོད་པར་བཤད། 

ཡུལ་སྐོར། རྩོམ་སྒྲིག

བོད་ཀྱི་སྲོལ་རྒྱུན་དང་འགྲོ་འདུག་སྡོད་གསུམ་དེ་བཞིན་རང་འབྱུང་གི་ཁྱད་དུ་འཕགས་པའི་ཁོར་ཡུག་ལ་མཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་བོས་དོ་སྣང་ཚད་མེད་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་བོད་དུ་ཡུལ་སྐོར་དུ་བསྐྱོད་རྒྱུ་དེ་སྐྱེ་བོ་མི་ཉུང་བ་ཞིག་གི་ཕུགས་རེ་ཡིན་པའི་དུས་འདིར་ཡར་འབྲོག་གཡུ་མཚོས་ཡུལ་སྐོར་པ་མང་པོའི་འདྲེན་བྱེད་ཀྱི་མདའ་མོ་བཀུག་པར་བྱེད་ཀྱི་ཡོད།