ཡུས་ཏེ་ལིན་།༼禹代林༽བོད་ལྗོངས་ཀྱིས་གཙོ་གནད་ཁྱབ་གདལ་དུ་གཏོང་བའི་༺བོད་ནས་༢༠༠༠༻དེ་ནི་འདེམས་གསོ་དང་། རྒྱ་ཁྱོན་ཆེ་བའི་དཔེ་སྟོན་ཁྱབ་གདལ་གྱི་ཡོངས་གྲུབ་ཐོན་རྫས་ཤིག་ཡིན། ལོ་དགུ་བསྟུད་མར་ཚོད་ལྟ་དང་། དཔེ་སྟོན་ཁྱབ་སྤེལ་བྱས་པ་རྒྱུད། ཐོན་རྫས་དེ་རིགས་ནི་བོད་ཀྱི་འབྲུ་རིགས་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་ཡོང་འཕར་གྱི་ཐོན་རྫས་གཙོ་བོ་དེར་འགྱུར་ཡོད།

ཡུས་ཏེ་ལིན་།
མིང་།Lua error in Module:Wikidata at line 237: attempt to index field 'claims' (a nil value).
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
Template loop detected: Template:Infobox person/Wikidata

བོད་ཀྱི་རོང་སའི་ཁུལ་དུ།༺དམའ་གཉིས་༻ཀྱི་པད་ཁ་གཞི་ཁྱོན་ཅན་གྱི་ཐོན་མཐོའི་འདེབས་གསོའི་ལག་རྩལ་ཞིབ་འཇུག་དང་། དཔེ་སྟོན་རྣམ་གྲངས་འགན་ཁུར་ངང་བསྒྲུབ་པ་རེད།《སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀན་ལན་དབྱིབས་ཀྱི་པད་ཁ་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ་》དང་《སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་པད་ཚལ་དབྱིབས་ཀྱི་པད་ཁ་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ་》བཅས་ས་གནས་གསུམ་གྱི་ཚད་གཞི་གཙོ་སྐྱོང་དང་གསར་སྒྲིག་བྱས་ཡོད།

རིག་གཞུང་དཔྱད་རྩོམ་ལེའུ་ལྔ་སྤེལ་བ་དང་། སྔ་རྗེས་སུ་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པའི་རྣམ་གྲངས་གཉིས་དང་། བྱ་དགའ་ཨང་གཉིས་པ་ཐོབ་པའི་རྣམ་གྲངས་གཉིས་བྱ་དགའ་ཨང་གསུམ་པ་ཐོབ་པའི་རྣམ་གྲངས་གསུམ་བཅས་ཡོད། ད་དུང་རང་སྐྱོང་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པའི་རྣམ་གྲངས་གཉིས་ཡོད་པ་དང་།༢༠༡༠ལོར་༺རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ་༻སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།