རྫོགས་ཆེན་ནི་བོད་ཀྱི་གྲུབ་མཐའ་རྙིང་མ་པའི་དགོན་སྡེ་གཅིག་རེད།

ཆོས་ལུགས།

རྩོམ་སྒྲིག

སྔ་འགྱུར་རྙིང་མ་རྫོགས་ཆེན་པ་སྟེ་དགོན་འདི་འདེབས་པ་པོ་རྫོགས་ཆེན་པ་པདྨ་རིག་འཛིན་གྱི་གསུངས་ཆོས་དང་གཏེར་སྟོན་ཉི་མ་གྲགས་པའི་གཏེར་ཆོས་ལ་གཙོ་བོར་ལག་ལེན་བྱེད་དགོས་ཡིན་རུང་། ད་ལྟའི་བར་མཇའ་ཚོན་དང་མཁའ་འགྲོ་སྙིང་ཐིག་གཙོ་བོ་མ་གཏོགས། ཉི་གྲགས་གཏེར་ཆོས་ཉམས་ལེན་བྱེད་སྲོལ་ཉམས་པ་འདྲ།

༄ སྤྱིར་བཏང་གཏེར་སྟོན་ཉི་མ་གྲགས་པའི་གཏེར་ཆོས་རྣམས་ཉི་གྲགས་ཆོས་བརྒྱུད་ཀྱི་དགོན་པ་ཁག་ནས་མི་ཉམས་རྒྱུན་འཛིན་གནང་མུས་རེད། གཏེར་སྟོན་ཉི་གྲགས་ཡང་སྐུ་ཕྲེང་དྲུག་གི་བར་དུ། ཆག་རི་དགོན་དང་སྟག་མོ་དགོན་གདན་ས་གོང་འོག་གཉིས་གཙོས་བོད་ནང་ལ་དགོན་མ་བུ་བརྒྱ་ལྷག་ཙམ་གྱི་ནང་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོས་དུས་འདས། ད་ལྟ་སྐུ་མཚོ བཞིན་བཞུགས་པ་གཏེར་སྟོན་ཉི་སྤྲུལ་བདུན་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་མཆོག། ༧གོངས་ས་མཆོག་ནས་ངོས་འཛིན་གནང་ཞིང་། ཡོང་འཛིན་༧ ཤར་སྤྲུལ་དམ་ཆོས་རིན་པོ་ཆེའི་བཀའ་བཀོད་ལྟར། སྦིར་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་བཤད་གྲྭའི་ནང་གསན་བསམས་གནང་བཞིན་པ་རེད། ཤར་སྤྲུལ་རིན་པོ་ཆེ་ནས་ཉི་སྤྲུལ་རིན་པོ་ཆེ་གཙོས། དད་ལྡན་འཛམ་གླིང་ཤར་ནུབ་ཀུན་ཏུ་ཉི་གྲགས་ཆོས་བསྐོར་དར་སྤེལ་དང་། ཕྱོགས་མཚུངས་ཅོན་ཏ་ར་རུ། གཏེར་སྟོན་ཉི་གྲགས་དགོན་སྤྱི་ལོ་༢༠༠༩ ནས་རྨང་གཏིང་ནས་སྤྱི་ལོ་྄༢༠༡༢ ལོ་ལེགས་གྲུབ་ཡོང་འཆར་དང་བཅས། ༧གོངས་ས་མཆོག་ནས་དགོན་པའི་མཚན་ལ་ཡང་། ཟབ་གསང་ཆོས་འཁོར་གླིང་ཞེས་གསོལ།


ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག

་ Phodrang Monastery ཕོ་བྲང་དགོན་ནི། བོད་མདོ་ཁམས་ཆབ་མདོ་ས་ཁུལ། དཔལ་འབར་རྫོངས་ རྒྱ་སྟོན་ས་སྟེང་དུ་ཆགས་ཡོད། ཆོས་བརྒྱུད་རྙིང་མ་དང་། གཏེར་སྟོན་ཉི་མ་གྲགས་པའི་ཆོས་སྐོར་ཉམས་ལེན་གནང་གི་ཡོད། བསྟན་བདག་ཤར་སྤྲུལ་ཀརྨ་འོད་གསལ་རང་གྲོལ་ནས། ད་ལྟ་འཚོ་ཞིང་བཞུགས་པ་ཤར་སྤྲུལ་དམ་ཆོས་རྒྱ་མཚོས་བར་སྐུ་འཕྲེང་གསུམ་ཙམ་ཕྱིན་ཡོད། ཞིབ་ཕྲ་གཟིགས་འདོད་ན་དྲྭ་རྒྱ་འདིའི་ནང་ལ་གཟིགས། www.shartulrinpoche.org