ལ 1.བོད་ཡིག་གསལ་བྱེད་ཉེར་དྲུག་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་སོ་དང་ལྕེ་རྩེ་ཅུང་ཟད་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་གཤམ་ཡི་གེ་ཞིག 3.རྗེས་འཇུག་གི་མ་ནིང་ཡི་གེ་ཞིག 4.མིང་གཞི་འགའ་ཞིག་གི་ཡས་ནས་སམ། མས་ནས་འདོགས་རྒྱུའི་ཡི་གེ་ཞིག 5.གྱེན་དུ་འགྲོ་སའི་རི་ལམ་སྟེ།

                      (དཔེར་ན།) ལ་བརྒལ་བ། ལ་བརྒྱབ་ཆུ་བརྒལ། ལ་ལ་འཛེག་པ། སྤྱང་ཀིས་ཤ་ཟ་བ་མཐོང་ཡང་ལ་བརྒྱབ་པ་མ་མཐོང༌ལྟ་བུ།  

6.མཚམས་སྦྱོར་དང་མཚམས་སྦྱོར་ལྷག་བཅས་ལ་འཇུག་པའི་ཚིག་ཕྲད་ཅིག 7.ལ་དོན་གྱི་ཕྲད་ཅིག 8.རི་དང་རི་ངོས་ཀྱི་གྱེན་ལམ་གྱི་མིང་སྟེ།

                      (དཔེར་ན།) ལ་མགོའི་ཉི་མ། ལ་ལུང་མང་པོ་བརྒལ། ལ་ཐུར་མང་པོ་བརྒྱབ་ལྟ་བུ།

9.(སྦྱོར་ཚིག) ཚིག་དང་ཐ་སྙད་ལ་ལའི་མཐར་སྦྱར་ན་ལས་སུ་བྱ་བ་སོགས་ལ་འཇུག།

                   (དཔེར་ན།) ཤར་ལ་འགྲོ་ནུབ་ལ་བལྟས་ལྟ་བུ།
"https://bo.wikipedia.org/w/index.php?title=ལ་&oldid=122793"ལས་སླར་རྙེད་སོང།