ལྷོ་ཕྱོགས་རྒྱལ་རབས་བཞི་

(南朝四国) ༡.སུང(宋)རྒྱལ་ས་ནི་ཅན་ཁང(建康)(དེང་སང་གནི་ནན་ཅིན)ཡིན། རྒྱལ་རབས་འདིར་གོང་མ་མི་རབས་བརྒྱད་བྱུང་ཞིང(རུས་མིང་ལིའུ)སྤྱི་ལོ༤༢༠ནས༤༧༩བར་ལོ་དྲུག་ཅུའི་རིང་སྲིད་དབང་བཟུང། ༢.ཆིས(齐)རྒྱལ་ཁབ། རྒྱལ་ས་ནན་ཅིན། རྒྱལ་རབས་འདིར་གོང་མ་མི་རབས་བདུན་བྱུང་ཞིང(རུས་མིམ་ནི་ཤའོ)སྤྱི་ལོ་༤༧༩ནས༥༠༢བར་ལོ་ངོ་ཉི་ཤུ་རྩ་གསུམ་བར་སྲོད་དབང་བཟུང། ༣.ལེའང(梁)རྒཡལ་རབས། རྒྱལ་ས་ནན་ཅིན་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་བཞི་བྱུང་ཞིང(རུས་མིང་ནི་ཤའོ་ཡིན)སྤྱི་ལོ་༥༠༣ནས༥༥༦བར་ལོ་ང་གསུམ་བར་སྲིད་དབང་བཟུང། ༤.ཁྲེན(陈)རྒྱལ་ཁབ། རྒྱལ་ས་ནན་ཅིན་ཡིན། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་ཞིང(རུས་མིང་ཁྲེན་ཡིན)སྤྱི་ལོ་༥༥༧ནས༥༨༩བར་ལོ་ངོ་སུམ་ཅུ་སོ་གསུམ་རིང་སཐརིད་དབང་བཟུང་།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།