Open main menu

Wikipedia β

ཤུགས་རིག་པ་ནི་དངོས་ལུགས་རིག་པའི་རིག་ཚན་གཙོ་བོ་ཞིག་ཡིན། གནའ་རབས་ཀྱི་ཤུགས་རིག་པ་ལ་རྨད་བྱུང་ཤུགས་རིག་ཟེར། དེ་ཡང་གཙོ་བོ་ཉིའུ་ཏུན་གྱིས་གསར་དུ་བཏོན་པའི་གཞུང་ལུགས་ཡིན་པས་ཉིའུ་ཏུན་ཤུགས་རིག་ཀྱང་ཟེར། དེང་རབས་དངོས་ལུགས་ནང་ཤུགས་རིག་ཆེ་བཞི་བྱ་བ་ཞིག་ཡོད་དེ། གཞུང་ལུགས་ཤུགས་རིག་དང་། ཚ་ཤུགས་རིག་པ། གློག་སྒུལ་ཤུགས་རིག ཚད་རྡུལ་ཤུགས་རིག་བཅས་སོ།།