Open main menu

སྐད་བརྡ་རིག་པའི་བརྡ་ཆད་གཅིག་གྱུར་ལས་གཞི།

རྩོམ་སྒྲིག་པ་གཅིག་པུའི་འདོད་བློ་ལྟར་ན། འདི་ནི་བོད་ཡིག་བརྡ་ཆད་གཅིག་གྱུར་ལས་གཞི་ཡི་ཁྲོད་ཀྱི་བརྡ་སྤྲོད་རིག་པའི་སྐོར་ལ་ངོས་འཛིན་བྱ་ཆོག


མིང་འདོགས་སྟངས།Edit

བོད་སྐད་དུ། སྐད་བརྡ་རིག་པའི་བརྡ་ཆད་བོད་སྒྱུར་ལས་གཞི། རྒྱ་ནག་སྐད་དུ། 语言学术语翻译项目 དབྱིན་སྐད་དུ། Terminology Translation Project

 

མཆོད་བརྗོད།Edit

༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འཛམ་གླིང་སྒྲ་བའི་གཙུག་རྒྱན་པཱཎིནི།། གངས་ཅན་མིག་གཅིག་ཐོན་མི་སཾབྷོཊ།། དེང་རབས་སྐད་བརྡའི་ཤིང་རྟ་སུའོ་ཤུའར།། གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ།། སྐད་བརྡའི་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས།།

དེང་རབས་སྐད་བརྡ་རིག་པའི་གཞི་རྩའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་གི་ངོ་སྤྲོད་མདོར་བསྡུས།Edit

རང་ཅག་ཀུན་གྱི་མ་ཡུམ་དང་གཉིས་སུ་མེད་པའི་བོད་ཀྱི་སྐད་ཡིག་འདིའི་སྒང་ལ། དེང་རབས་ཀྱི་རིག་གཞུང་གི་སྒོ་སྣ་ཚོགས་གྲ་རྒྱས་སུ་གཏོང་བ་དང་། སྒོས་སུ་སྐད་ཡིག་རང་སྟེང་ལ་ཉམས་ཞིབ་ཀྱི་ལག་ཆ་ལྟ་བུར་གྱུར་བའི་སྐད་བརྡ་རིག་པའི་གཞུང་ལུགས་ནང་འདྲེན་དང་། ཡུལ་སྐད་ཞིབ་འབྲི། ཉམས་ཞིབ་ཀྱི་ལས་ཀ་དེ་འཐུས་ཚང་དང་། ཚད་ལྡན་དུ་གཏོང་སླད། ངེད་བོད་སྐད་དུ་ཞེས་པའི་དང་བླངས་ཚོ་ཆུང་ནས། དེང་རབས་ཀྱི་གཞུང་ལུགས་འདི་དང་འབྲེལ་ཡོད་ཀྱི་བརྡ་ཆད་དག་བོད་འགྱུར་བྱེད་པའི་ལས་གཞི་འགོ་བརྩམས་པ་ཡིན། ཚོ་ཆུང་འདིའི་ཁོངས་མི་ནི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། དེང་རབས་སྐད་བརྡ་རིག་པ་སོགས་ལ་སློབ་གཉེར་བྱེད་བཞིན་པའི་གཞོན་སྐྱེས་ཤ་སྟག་ཡིན།ཚོ་ཆུང་འདིའི་ཁོངས་མི་ཀུན་ནས་ཕྱར་བ་གྲུ་འདེགས་ཀྱིས་དེ་དོན་མངོན་འགྱུར་བྱ་ཐབས་སུ། དུས་ཡུན་གཏན་ཁེལ་གྱིས་མཉམ་ཞུགས་སློབ་སྦྱོང་དང་། བརྡ་ཆད་བོད་བསྒྱུར།ཚོགས་ཞུགས་བགྲོ་གླེང་སོགས་བྱ་རྒྱུ་ཡིན་ལ། བསམ་གྲོས་ལེགས་བསྡུར་གྱིས་བོད་འགྱུར་གྲུབ་མཚམས་བོད་སྐད་དུ་ཞེས་པའི་འཕྲིན་སྟེགས་སུ་སྤེལ་ཏེ་འབྲེལ་ཡོད་སློབ་གཉེར་བ་དག་གི་བསམ་འཆར་བསྡུ་ལེན་བྱའོ།། མཇུག་ཏུ་བསྐྱར་ཞུས་དང་མཐའ་ཞུས་བརྒྱུད་དེ་དང་བླངས་པའི་མིང་ཐོག་ནས་སྙན་ཞུ་སྒྲོག་སྦྱོང་བྱ་རྒྱུ་ཡིན།

བྱེ་བྲག་སྐད་སྒྲ་རིག་པ་དང་སྐད་སྒྲའི་མ་ལག་རིག་པའི་གཞི་རྩའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་གི་ངོ་སྤྲོད།

  1. ཁྲོ་ཁོ་སངས་རྒྱས་སྐྱབས། ༼ནུབ་བྱང་མི་རིགས་སློབ་ཆེན།༽
  2. གུར་མགོན། ༼བོད་ལྗོངས་སློབ་ཆེན།༽
  3. དངུལ་རྭ་ཚེ་རྡོར། ༼ཀྲུང་དབྱང་མི་རིགས་སློབ་ཆེན།༽
  4. བསྟན་འཛིན་ནོར་བུ། ༼པེ་ཅིང་སློབ་ཆེན།༽
  5. རྨོག་རུ་གནམ་ལྷ་ཚེ་རིང་། ༼བོད་ལྗོངས་སློབ་ཆེན།༽
  6. ཚེ་རིང་རྣམ་རྒྱལ། ༼ནུབ་བྱང་མི་རིགས་སློབ་ཆེན།༽
  7. ཚེ་རིང་ལྷ་མོ། ༼ཀྲུང་དབྱང་མི་རིགས་སློབ་ཆེན།༽
  8. སངས་རྒྱས་མཁར། ༼བོད་ལྗོངས་སློབ་ཆེན།༽
  9. སངས་རྒྱས་ཚེ་རིང་། ༼ཀྲུང་དབྱང་མི་རིགས་སློབ་ཆེན།༽བཅས་ནས་གཞི་རྩའི་བརྡ་ཆད་དག་གསེ་ཞིང་བོད་སྐད་དུ་བསྒྱུརད། (*རུས་མིང་ནི་ཚེག་ཁྱིམ་དང་པོའི་མིང་གཞི་སྡེ་བ་གང་ཏུ་གཏོགས་པ་གང་དེའི་གོ་རིམ་བཞིན་བསྟར་ཡོད་དོ།།)

བོད་འགྱུར་མའི་གསལ་བཤད།Edit

བརྡ་ཆད་རྣམས་ནི་སྐད་བརྡ་རིག་པའི་ཡན་ལག་སྟེ། སྐད་སྒྲ་རིག་པ་དང་སྐད་སྒྲའི་མ་ལག་གི་རིག་པ། མིང་དང་ཚིག་གི་བརྡ་སྤྲོད་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱུག་ཆེ་བའི་དཔེ་དེབ་དག་དང་བསྟུན་ནས། མ་ཡིག་དབྱིན་སྐད་དང་། རྒྱ་ཡིག་གི་འགྱུར་གཉིས་ལ་བལྟས་ཏེ་བོད་སྒྱུར་བྱས་པ་ཡིན་ལ། དེའི་ཁྲོད་དུ་ཡན་ལག་གི་བརྡ་ཆད་ཁག་ཅིག་ནི་ཐད་ཀར་རྒྱ་ཡིག་ནས་བསྒྱུར་བས་དབྱིན་སྐད་བཀོད་མེད། རྩ་བའི་ཆ་ནས་གང་ཅི་ཐུབ་ཀྱིས་སྤྱི་འགྲོས་ཀྱི་གཞུང་ལུགས་དང་བརྡ་ཆད་ལ་བསྟུན་ཐབས་བྱས་ཡོད། བརྡ་ཆད་ཁག་ཅིག་ནི་རང་རེའི་བོད་ཀྱི་སུམ་རྟགས་སོགས་སུ་གོ་དོན་འདྲ་བའམ་ཕྱོགས་ཉེ་བ་རེ་མཆིས་མོད། བརྡ་ཆད་ཀྱི་མ་ལག་ཡོངས་དང་བསྟུན་པ་དང་། ཉ་ཉུང་མཉམ་བསྲེས་མི་ཡོང་བའི་ཕྱིར་བརྡ་གསར་དུ་བཏགས་པ་ཡིན། བརྡ་ཆད་ཀྱི་གོ་བ་མི་ལོག་པ་དང་། མ་ལག་ཡོངས་དང་བསྟུན་པ། བོད་སྐད་ཀྱི་འགྲོས་དང་མཐུན་པ་གསུམ་ནི་ང་ཚོའི་ལས་ཀ་འདིའི་རྩ་དོན་གསུམ་ཡིན་མོད། ད་དུང་ཡང་ནོར་འཁྲུལ་ཅི་རིགས་མཆིས་སྲིད་པས། ཀུན་གྱིས་དགོངས་འཆར་ལྷུག་པོ་སྩོལ་རོགས་ཞུའོ།།

སྐད་སྒྲ་རིག་པ་དང་སྐད་སྒྲའི་མ་ལག་རིག་པའི་གཞི་རྩའི་བརྡ་ཆད་སྐད་གསུམ་ཤན་སྦྱར།Edit

བསྟར་རིམ། དབྱིན་ཡིག རྒྱ་ཡིག བོད་ཡིག གསལ་བཤད།
1 phonetics 语音学 སྐད་སྒྲ་རིག་པ།
2 articulation 发音 སྐད་སྒྲ་འབྱིན་པ།
3 instrumental phontics 实验语音学 ཚོད་ལྟའི་སྐད་སྒྲ་རིག་པ།
4 phontic 语音 སྐད་སྒྲ།
5 acoustics 声学 སྒྲའི་རིག་པ།
6 descriptive 描写 ཞིབ་འབྲི།
7 phonetics typology 语音类型学 སྐད་སྒྲའི་རིགས་རྣམ་རིག་པ།
8 change 演变 འགྱུར་བ།
9 sound 声音 སྒྲ།
10 articulator 发音器官 སྒྲ་འབྱིན་དབང་བོ།
11 nasal cavity 鼻腔 སྣ་སྦུག
12 oral cavity 口腔 ཁ་སྦུག
13 pharynx cavity 咽腔 གྲེ་སྦུག
14 glottis 喉门 མགྲིན་སྒོ།
15 glottis མགྲིན་པ།
16 trachea 气管 གློ་ཡུ།
17 voiceless སྒྲ་མེད།
18 voiced སྒྲ་ལྡན།
19 unrounded རྐྱོང་བ།
20 rounded སྒོར་སྒོར།
21 front མདུན།
22 back རྒྱབ།
23 central དཀྱིལ།
high མཐོ།
low དམའ།
24 breathy  voiced 气化 སྲོག་ཆེན་ཅན་དུ་འགྱུར་བ།
25 creaky voiced 嘎裂化 གཙེར་སྒྲ་ཅན་དུ་འགྱུར་བ།
26 labialized 唇化 མཆུ་ཅན་དུ་འགྱུར་བ།
27 palatalized 腭化 རྐན་སྲ་མོ་ཅན་དུ་འགྱུར་བ།
28 velarized 软腭化 རྐན་སྙི་མོ་ཅན་དུ་འགྱུར་བ།
29 pharyngealized 咽化 གྲེ་བ་ཅན་དུ་འགྱུར་བ།
30 advanced tongue root 舌根前伸 ལྕེ་རྟིང་རྐྱོང་བ།
31 retracted tongue root 舌根后缩 ལྕེ་རྟིང་སྐུམ་པ།
32 apical 舌尖化 ལྕེ་རྩེ་ཅན་དུ་འགྱུར་བ།
33 laminal 舌叶化 ལྕེའི་ལོ་མ་ཅན་དུ་འགྱུར་བ།
34 nasalized 鼻化 སྣ་ཅན་དུ་འགྱུར་བ།
35 sound wave 声波 སྒྲ་རླབས།
36 frequency 频率 འདར་ཕྱོད།
37 amplitude 振幅 འདར་རྒྱ།
38 wave form 波形 རླབས་རིས།
39 wave length 波长 རླབས་ཐག
40 period 周期 འཁོར་ཡུན།
41 compound wave 复合波 རླབས་འདྲེས་མ།
42 line spectrum 线谱图 ཐིག་རིས།
43 formant 共振峰 མཉམ་འདར་རླབས་རྩེ།
44 vocal folds 声带 མགྲིན་སྐྱི།
45 periodic wave 周期波 འཁོར་རླབས།
46 sound spectrogram 语图 སྐད་རིས།
47 manner 发音方式 སྒྲ་འབྱིན་སྟངས།
48 place 部位 སྐྱེ་གནས།
49 passive place 被动部位 མི་གཡོ་བའི་སྐྱེ་གནས།
50 active place 主动部位 གཡོ་བའི་སྐྱེ་གནས།
51 tip 舌尖 ལྕེ་རྩེ།
52 tongue 舌叶 ལྕེའི་ལོ་མ།
53 sublingual 舌下 ལྕེ་འོག
54 tongue 舌面 ལྕེ་ངོས།
55 tongue root 舌根 ལྕེ་རྟིང་།
56 lips 双唇 མཆུ་ཟུང་།
57 upper lip 上唇 ཡ་མཆུ།
58 lower lip 下唇 མ་མཆུ།
59 labial dental 唇齿 མཆུ་སོ།
60 dental 齿间 སོ་བར།
61 back dental 齿背 སོ་རྒྱབ།
62 retroflex 卷舌 ལྕེ་འདྲིལ།
63 velar 软腭 རྐན་སྙི་མོ།
64 palatal 硬腭 རྐན་སྲ་མོ།
65 uvular 小舌 ལྕེ་ཆུང་།
66 pharyngeal གྲེ་བ།
67 epiglottis 会厌 གྲེ་སྒོ།
68 cartilage 软骨 ཁྲུམ་རུས།
69 muscle 肌肉 ཤ་གནད།
70 thyroid cartilage 甲状软骨 ཁྲབ་དབྱིབས་ཁྲུམ་རུས།
71 cyclic cartilage 环状软骨 ཨ་ལོང་ཁྲུམ་རུས།
72 spoon cartilage 勺状软骨 ཁེམ་དབྱིབས་ཁྲུམ་རུས།
73 ring muscle 环甲肌 ཨ་ལོང་ཁྲབ་ཤ་གྲིམ།
74 False vocal cord 假声带 མགྲིན་སྐྱི་རྫུས་མ།
75 spoon muscle 勺间肌 ཁེམ་བར་ཤ་གནད།
76 transverse spoon 勺间横肌 ཁེམ་བར་ཤ་གནད་འཕྲེད་མ།
77 spike intervertebral 勺间斜肌 ཁེམ་བར་ཤ་གནད་གསེག་མ།
78 ring back muscle 环勺后肌 ཨ་ལོང་ཁེམ་དབྱིབས་གྱི་ཤ་གནད་རྒྱབ་མ།
79 ligament glottis 韧带声门 རྒྱུས་པའི་སྒྲ་སྒོ།
80 voice 发声态 ཨོལ་སྒོའི་སྒྲ་འབྱིན་རྣམ་པ།
81 throat 喉开态 ཨོལ་སྒོ་ཡོངས་ཕྱེ།
82 whisper 耳语态 ཨོལ་སྒོ་ཕྱེ་ཙམ།
83 laryngeal closed state 喉闭态 ཨོལ་སྒོ་ཡོངས་བཙུམ།
84 normal voice 常态浊声 ཨོལ་སྒོ་རན་པོ།
85 creaky 嘎裂声 ཨོལ་སྒོ་དམ་པོ།
86 falsetto 假声 ཨོལ་སྒོ་ལྷོད་མོ།
87 VOT 初浊 འདར་མགོ
88 articulation 调音方式 སྒྲ་རྣམ་བསྒྱུར་སྟངས།
89 sonorant 响音 ཡངས་སྒྲ།
90 mouth 口音 ཁ་སྒྲ།
91 nasal 鼻音 སྣ་སྒྲ།
92 approximant 近音 ཉེ་སྒྲ།
93 liquid 流音 བཞུར་སྒྲ།
94 glide 滑音 ཤུད་སྒྲ།
95 lateral 边音 མཐའ་སྒྲ།
96 rhotic 日音 རའི་རིགས་ཀྱི་སྒྲ།
97 tap 搭拍音/拍音 ཐག་སྒྲ།
98 flap 闪音/刮闪音 འཁྱུག་སྒྲ།
99 trill 颤音 འདར་སྒྲ།
100 semi-vowel 半元音 དབྱངས་ཕྱེད་ཀ
101 hushing sound 呼音 ཞན་བརྡར་གྱི་སྒྲ།
102 hissing sound 咝音 དྲག་བརྡར་གྱི་སྒྲ།
103 lateral approximant 边近音 མཐའ་ཉེའི་སྒྲ།
104 lateral flap 边闪音 མཐའ་འཁྱུག་གི་སྒྲ།
105 lateral fricative 边擦音 མཐའ་བརྡར་གྱི་སྒྲ།
106 obstruent 阻音 དོག་སྒྲ།
107 affricate 塞擦音 འགག་བརྡར་གྱི་སྒྲ།
108 stop 塞音 འགག་སྒྲ།
109 fricative,spirant 擦音 བརྡར་སྒྲ།
110 no audible release 无声除阻音 བཀག་སེལ་སྒྲ་མེད།
111 implosive 内爆音 ནང་བཀད་ཀྱི་སྒྲ།
112 click 喌啧音 ཁྀ་ལྀག་གི་སྒྲ།
113 suction sound 吸气音 རྔུབ་སྒྲ
114 ejective 喷音 བཙིར་སྒྲ།
115 closing 成阻 བཀག་འགོག་ཐེབས་པ།
116 closure 持阻 བཀག་འགོག་རྒྱུན་མཐུད།
117 release 除阻 བཀག་འགོག་སེལ་བ།
118 pulmonic air stream 肺部气流音 གློའི་དབུགས་ཀྱི་སྒྲ།
119 non-pulmonic air stream 非肺部气流音 གློའི་དབུགས་མ་ཡིན་པའི་སྒྲ།
120 aspiration/aspirated 送气 སྲོག་ཆེན།
121 unaspiration/unaspirated 不送气 སྲོག་ཆུང་།
122 prenasalized sound 鼻冠音 སྣ་འཕུལ་གྱི་སྒྲ།
123 consonant 辅音 གསལ་བྱེད།
124 consonant cluster 辅音丛 གསལ་བྱེད་སྦྲེལ་མ།
125 单辅音 གསལ་བྱེད་རྐྱང་མ།
126 complex consonant 复杂辅音 གསལ་བྱེད་རྐྱང་མ་འདུས།
127 consonant cluster 复辅音 གསལ་བྱེད་འདུས་མ།
128 vowel 元音 དབྱངས།
129 vowel chart 元音舌位图 དབྱངས་ཀྱི་ལྕེ་གནས་དཔེ་རིས།
130 cardinal vowels 标杆元音/正则母音/标准元音 ཚད་ལྡན་གྱི་དབྱངས།
131 口腔形状 ཁ་སྦུག་གི་དབྱིབས་རྣམ།
132 舌位 ལྕེ་གནས།
133 唇形 མཆུ་དབྱིབས།
134 trans cription 音标 སྒྲ་རྟགས།
135 timbre,tambre,tamber,colour 音色 སྒྲ་གཤིས།
136 nasalized vowel 鼻化元音 སྣ་ཅན་གྱི་དབྱངས།
137 spirantization vowel 擦化元音 བརྡར་སྒྲ་ཅན་གྱི་དབྱངས།
138 apical/coronal vowel 舌尖元音 ལྕེ་རྩེའི་དབྱངས།
139 rhotacization 日化元音 རའི་རིགས་ཅན་གྱི་དབྱངས།
140 central vowel 央元音 དབྱངས་དབུས་མ།
141 咽化元音 གྲེ་བ་ཅན་གྱི་དབྱངས།
142 rounded vowel 圆唇元音 མཆུ་སྒོར་བའི་དབྱངས།
143 撮唇元音 མཆུ་རྐྱོང་བའི་དབྱངས།
144 voiceless vowel 清化元音 སྒྲ་མེད་ཅན་གྱི་དབྱངས།
145 breathy voiced vowel 气化元音 སྲོག་ཆེན་ཅན་གྱི་དབྱངས།
146 long vowel 长元音 དབྱངས་རིང་བོ།
147 short vowel 短元音 དབྱངས་ཐུང་ངུ་།
148 strident vowel 紧元音 དབྱངས་དམ་པོ།
149 lax vowel 松元音 དབྱངས་ལྷོད་པོ།
150 monophothong 单元音 དབྱངས་རྐྱང་བ།
151 diphthong 复元音 དབྱངས་འདུས་མ།
152 nuclear vowel 主元音 དབྱངས་གཙོ་བོ།
153 diphthong 前核复元音 མདུན་ཉིང་དབྱངས་འདུས་མ།
154 diphthong 后核复元音 རྒྱབ་ཉིང་དབྱངས་འདུས་མ།
155 triphthong 三合元音 དབྱངས་གསུམ་འདུས།
156 segmental 音段 སྒྲ་ཚན།
157 supre segmental 超音段 སྒྲ་ཚན་ལས་འགོང་བ།
158 duration 音长 སྒྲ་ཡུན།
159 intonation 语调 ཚིག་གི་ང་རོ།
160 pitch 音高 སྒྲ་དཔངས།
161 intensity 音强 སྒྲ་ཤུགས།
162 phonetic quality 音质 སྒྲའི་ངོ་བོ།
163 tone 声调 སྒྲའི་ང་རོ།
164 head 调头 ང་རོའི་མགོ་བོ།
165 nucleus 调干/调核 ང་རོའི་སྙིང་།
166 tail 调尾 ང་རོའི་མཇུག་མ།
167 五度制 ང་རོ་རིམ་ལྔའི་ལུགས།
168 accent 调形 ང་རོའི་དབྱིབས།
169 tone value 调值 ང་རོའི་ཚད།
170 tone type 调类 ང་རོའི་རིགས།
171 fundamental frequency,F0 基频 རྩ་བའི་འདར་ཕྱོད།
172 level contour 平调 ང་རོ་སྙོམ་པོ།
173 rising contour 升调 ང་རོ་འཕེལ་མ།
174 falling contour 降调 ང་རོ་འགྲིབ་མ།
175 phonology 音系学 སྐད་སྒྲའི་མ་ལག་རིག་པ།
176 phoneme 音位 སྒྲ་གནས།
177 distinctive features 区别性特征 ཁྱད་པར་འབྱེད་ཆོས།
178 minimal pair 最小对立体 ལྟོས་ཟླ་ཆུང་ཤོས།
179 contrastive distribution 对立分布 ལྟོས་ཟླའི་ཁྱབ་སྟངས།
180 complementary distribution 互补分布 ཕན་ཚུན་ཁ་སྐོང་བའི་ཁྱབ་སྟངས།
181 phonetic similarity 语音相似性 སྐད་སྒྲའི་འདྲ་ལུགས།
182 allophone 音位变体 སྒྲ་གནས་འགྱུར་གཟུགས།
183 free variant 自由变体 རང་དབང་འགྱུར་གཟུགས།
184 conditioned variant 条件变体 ཆ་རྐྱེན་འགྱུར་གཟུགས།
185 systematic gap 系统空缺 མ་ལག་གི་སྟོང་ཆ།
186 phonological strength 音系强度 སྐད་སྒྲའི་མ་ལག་གི་དྲག་ཚད།
187 fortition 增强 དྲག་འགྱུར།
188 lenition 弱化 ཞན་འགྱུར།
189 diacritics 附加区别符号 བརྡ་རྟགས་ཟུར་སྦྱར་མ།
190 underlying representations 底层形式 གཏིང་གི་རྣམ་པ།
191 surface representations 表层形式 ཕྱིའི་རྣམ་པ།
192 phonemic overlapping 音位叠交 སྒྲ་གནས་བརྩེགས་མ།
193 phonemic split 音位裂变 སྒྲ་གནས་འཐོར་འགྱུར།
194 univalent features 单值特征 ཡ་ཐང་གི་ཁྱད་ཆོས།
195 binary features 偶值特征 ཆ་ཐང་གི་ཁྱད་ཆོས།
196 plus + ལྡན་པ།
197 minus མི་ལྡན་པ།
198 feature tree 特征树 ཁྱད་ཆོས་སྡོང་འགྲེམས།
199 natural class 自然类 རང་བྱུང་གི་སྡེ་ཚན།
200 feature matrix 特征矩阵 ཁྱད་ཆོས་བསྟར་སྒྲིག་མ།
201 redundant feature 羡余特征 ཤུལ་ལུས་ཁྱད་ཆོས།
202 implicational relationship 蕴含关系 ཁྱབ་མཐའི་འབྲེལ་བ།
203 laryngeal feature 喉音特征 མགྲིན་སྒྲའི་ཁྱད་ཆོས།
204 voice 声门状态 ཨོལ་སྒོའི་རྣམ་པ།
205 spread glottis 展喉性 མགྲིན་པ་ཕྱེ་བའི་རང་བཞིན།
206 constricted glottis 紧喉性 མགྲིན་པ་དམ་པའི་རང་བཞིན།
207 manner features 方法特征 ཐབས་ཀྱི་ཁྱད་ཆོས།
208 continuant 延续性 རྒྱུན་མཐུད་རང་བཞིན།
209 nasal 鼻音性 སྣ་སྒྲའི་རང་བཞིན།
210 strident 刺耳性 འཛེར་སྒྲའི་རང་བཞིན།
211 lateral 边音性 མཐའ་སྒྲའི་རང་བཞིན།
212 place features 部位特征 སྐྱེ་གནས་ཀྱི་ཁྱད་ཆོས།
213 labial 展唇性 མཆུ་རྐྱོང་བའི་རང་བཞིན།
214 round 圆唇性 མཆུ་སྒོར་བའི་རང་བཞིན།
215 coronal 舌前性 ལྕེ་མདུན་གྱི་རང་བཞིན།
216 anterior 前部性 སྔུན་གྱི་རང་བཞིན།
217 distributed 散布性 ཁ་ཐོར་གྱི་རང་བཞིན།
218 dorsal 舌面后性 ལྕེ་ངོས་རྒྱབ་ཀྱི་རང་བཞིན།
219 high 高位性 མཐོ་བའི་རང་བཞིན།
220 low 低位性 དམའ་བའི་རང་བཞིན།
221 back 后位性 རྗེས་ཀྱི་རང་བཞིན།
222 tense 紧音性 དམ་སྒྲའི་རང་བཞིན།
223 radical(pharyngeal) 舌根性 ལྕེ་རྟིང་གི་རང་བཞིན།
224 phonological rules 音系规则 སྐད་སྒྲའི་མ་ལག་གི་ངེས་སྲོལ།
225 feature hierarchy 特征层级体系 ཁྱད་ཆོས་ཀྱི་རིམ་པ།
226 assimilation 同化 མཐུན་འགྱུར།
227 progressive assimilation 顺同化 ལུགས་འབྱུང་མཐུན་འགྱུར།
228 regressive assimilation 逆同化 ལུགས་ལྡོག་མཐུན་འགྱུར།
229 fusional assimilation 溶合性同化 མཉམ་འདུས་མཐུན་འགྱུར།
230 sandhi 连接音变 མཚམས་སྦྱོར་སྒྲ་འགྱུར།
231 contact assimilation 邻接同化 ཉེ་མཚེས་མཐུན་འགྱུར།
232 distant assimilation 非邻接同化 ཉེ་མཚེས་མ་ཡིན་པའི་མཐུན་འགྱུར།
233 vowel harmony 元音和谐 དབྱངས་ཀྱི་བསྟུན་འགྱུར།
234 dissimilation 异化 གཞན་འགྱུར།
235 deletion 脱落 ཉམས་པ།
236 aphaeresis(initial dropping) 首音脱落 མདུན་སྒྲ་ཉམས་པ།
237 apocope 尾音脱落 ཉིང་རྔ་ཉམས་པ།
238 Insertion 插入 ཨཱ་ག་མ་བྱིན་པ།
239 换位 གནས་བརྗེ་བ།
240 accent 元音割裂 དབྱངས་ཀྱི་གྱེས་འཐོར།
241 syllable 音节 སྒྲ་ཚིགས།
242 onset 首音/音节首 མདུན་སྒྲ། 声母
243 rhyme ཉིང་སྒྲ། 韵母
244 medial 介音 དབར་སྒྲ། 韵头
245 nucleus 音节核/韵核 ཉིང་ལྟེ། 韵腹/韵核
246 coda/ending 音节尾/韵核 ཉིང་རྔ། 韵尾
247 开韵尾           ཕྱེ་བའི་ཉིང་རྔ་།
248 闭韵尾       ཟུམ་པའི་ཉིང་རྔ།        
249 syllable structure 音节结构 སྒྲ་ཚིགས་ཀྱི་ཆགས་གཞི།
250 syllabic consonant 成音节辅音 སྒྲ་ཚིགས་འགྲུབ་པའི་གསལ་བྱེད།
251 sonority hierarchy 响度层级 སྒྲའི་གྲག་ཚད་ཀྱི་རིམ་པ།
252 sonority sequencing principle 响度顺序原则 སྒྲའི་གྲག་ཚད་ཀྱི་རིམ་པའི་རྩ་དོན།
253 maximal onset principle 首音最大原则 མདུན་སྒྲ་གཙོར་འཛིན་གྱི་རྩ་དོན།
254 phonotactics 语音配列 སྐད་སྒྲའི་སྟར་སྒྲིག
255 syllabic 音节性 སྒྲ་ཚིགས་རང་བཞིན།
256 un-syllabic 非音节性 སྒྲ་ཚིགས་མིན་པའི་རང་བཞིན།

ཕྱི་ལོ༢༠༡༩ལོའི་ཟླ༤པའི་ཚེས༧ཉིན་ཡོངས་འགྲུབ་པ་དགེ་ལེགས་འཕེལ།

པར་དབང©️ངེད་བོད་སྐད་དུ་དེང་རབས་སྐད་བརྡ་རིག་པའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་ལ་ཡོད་པས།

བྱུང་རྒྱལ་ཚོང་ལས་སུ་སྤྱོད་མི་རུང་།


དགོངས་འཆར་ཡོད་པ་དག་གིས་ཡིག་ཟམ་འདིར་བསྐུར་གནང་རོགས། bodskadduu@163.com


བོད་སྐད་དུ་དེང་རབས་སྐད་བརྡ་རིག་པའི་གཞི་རྩའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་ནས།

ཕྱི་ལོ་༢༠༡༩ལོའི་ཟླ་༤པའི་ཚེས་༧ཉིན།