སྒར་རྗེ་སྤྲུལ་སྐུ་ཞེས་པ་གོ་སྟེང་དགོན་ལ་བཞུགས་པའི་སྒར་རྗེ་སྤྲུལ་སྐུ་དང་སྤར་མཁན་སྤྲུལ་སྐུ་སྟེ་གོ་དགོན་སྐྱབས་རྗེ་རྣམ་གཉིས་ཞེས་པའི་ཡ་གྱལ་ཏེ། སྔ་འགྱུར་རྙིང་མའི་སྤྲུལ་སྐུ་སྐུ་རབས་རིམ་པར་བྱོན་པ་ཞིག་གི་མཚན་རེད།

  • སྒར་རྗེ་སྤྲུལ་སྐུ་རིག་འཛིན་དབང་རྒྱལ་ནི་གོ་སྟེང་དགོན་ཁོངས་སྤུན་གསུམ་ཡུལ་ཚོའི་ཕག་གླང་གྲོང་གི་ཡར་གྲོང་ཞེས་པའི་ཁྱིམ་དུ་འཁྲུངས། རྡོ་རྗེ་བྲག་ ༧རིག་འཛིན་ཆེན་པོ་བསྐལ་བཟང་པདྨ་དབང་ཕྱུག་དང་། གྲུབ་དགོན་རྒྱ་ནག་པ་སྐལ་བཟང་གསང་སྔགས་བསྟན་འཛིན་སོགས་ཀྱི་སློབ་མ་སྟེ། གཙོ་བོ་འབུམ་ཚ་ལུང་པའི་རི་ངོགས་ཀྱི་སྒར་རྗེ་རི་ཁྲོད་དུ་བཞུགས་ནས་སྒྲུབ་པ་མཛད། ༧རིག་འཛིན་ཆེན་པོ་བསྐལ་བཟང་པདྨ་དབང་ཕྱུག་གི་རང་རྣམ་འབའ་གྲུབ་དགོན་དུ་ཤིང་པར་དུ་བརྐོས་པའི་ཚེ་ཡི་གེའི་ཞུ་དག་གི་ཞབས་ཞུ་མཛད་པ་རྣམ་ཐར་གྱི་མཇུག་ཏུ་གསལ།
  • སྒར་རྗེ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་༼༡༩༡༧–༡༩༥༦༽ནི་འབའ་གྲུབ་པ་དགོན་ཁོངས་ཡུལ་འབྲི་མོ་ཞེས་པར་རབ་ཚེས་མེ་སྦྲུལ་ལོར་འཁྲུངས། བོད་ཡུལ་དབུས་མན་ཆད་ལ་མཁས་པའི་གྲགས་པ་འབར།


རོང་བན། ༡༣:༠༡, ༢ ཟླ་བདུན་པ། ༢༠༡༡ (UTC)