སྤུན་གསུམ་དགེ་ཞི་གླིང་།

དགེ་ཞི་གླིང་ཞེས་པ་ནི་རྙིང་མའི་བཙུན་མའི་དགོན་པ་ཞིག་སྟེ། ཁམས་ལྷོ་རྒྱུད་སྡེ་རོང་ཁོངས་སྤུན་གསུམ་ཡུལ་ཚོའི་ཁ་ཤར་བསྟན་གྱི་རི་ངོས་ཤིག་ཏུ་ཆགས་ཡོད། ནང་དུ་དགེ་མ་བཞི་ཅུ་ལྷག་ཙམ་དང་། དུང་འཁོར་ཁང་༡ ། བླ་མའི་གཟིམ་ཤག༡ ། མཆོད་རྟེན་དཀར་པོ་ཆ་བརྒྱད། རུང་ཁང་༡ ། མཆོད་མེ་ཁང་༡ ། བཤད་གྲྭའི་ཚོགས་ཁང་༡ ། ཆུ་རྫིང་༡ སོགས་ཡོད།
࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄

གོ་སྟེང་དགོན་༼གོ་སྟེང་དགོན།༽པའི་ཁོངས་སུ་སྤུན་གསུམ་༼འཇང་༽གྲོང་གི་གཡོན་ལོགས་རི་ངོས་ལ་དགེ་ཞི་གླིང་ཞེས་པའི་བཙུན་མའི་དགོན་ཆུང་ངམ་རི་ཁྲོད་ཅིག་ཆགས་ཡོད། དེ་ལ་ཡུལ་མིའི་ཁ་སྐད་དུ་འཇང་རི་ཁྲོད་ཟེར། རི་ཁྲོད་འདིའི་ས་བོན་ལྟ་བུ་རི་ཁྲོད་རྙིང་པ་ཞིག་སྤྱི་ལོ༡༩༥༨ ཡན་ནས་ཡོད། ད་ལྟ་བཙུན་མ་བཞི་ཅུ་ལྷག་ཙམ་བཞུགས། ལོ་ལྟར་དུ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་ནས་བཟུང་ཞག་བརྒྱའི་རིང་མཚམས་བཞུགས་དགོས། དེ་ལ་ཞག་བརྒྱ་ཟེར། དེ་དུས་ཞག་བརྒྱའི་བཅད་རྒྱ་ལ་ཁྱིམ་པ་ཕོ་མོ་སེམས་ཁྲིད་ཐོབ་པ་རྣམས་ཀྱང་ཞུགས་དགོས། ཞག་བརྒྱའི་སྐབས་དོ་དམ་བྱེད་མཁན་ནི་གླིང་དཔོན་དང་ཁྱིམ་པ་དགེ་སྐོས་གཅིག་སྟེ་མི་གཉིས་ཡིན། ཆོས་ཚོགས་ནར་མ་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉེར་ལྔ་ལ་ཚོགས་འཁོར་དང་། ལོ་རེའི་བོད་ཟླ་གསུམ་པའི་མཇུག་ནས་ཀར་གླིང་ཞི་ཁྲོའི་སྒྲུབ་མཆོད་ཞག་བདུན། དེ་ནས་མཐུད་དེ་ས་ག་ཟླ་བ་ལ་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད་ཞག་བདུན་གནང་གི་ཡོད་དོ། ། དེ་མིན་རང་འདོད་ལྟར་བླ་མའི་སར་ཁས་བླངས་ནས་ལོ་མཚམས་བཞུགས་མཁན་གྱི་བཙུན་མ་དང་ཁྱིམ་པ་ཡང་ལོ་རེ་བཞིན་ཁ་ཤས་མཆིས། དགེ་ཞི་གླིང་དུ་ལྕགས་སྟག་ལོ་༼ སྤྱི་ལོ༢༠༡༠ ༽ ལ་ཐོས་བསམ་བྱེད་ཡུལ་བཤད་གྲྭ་ཞིག་གོ་དགོན་སྒར་རྗེ་སྤྲུལ་སྐུ་ནས་གསར་དུ་བཙུགས་པར་བཙུན་མའི་རི་ཁྲོད་ཁག་བཞི་ནས་འདུས་པའི་བཤད་གྲྭ་བ་དྲུག་ཅུ་རེ་ལྔ་དང་དགེ་རྒན་གཉིས་བཞུགས་སོ། ། རོང་བན། ༠༤:༡༦, ༢ ཟླ་བདུན་པ། ༢༠༡༡ (UTC)