2016 ལོའི་ནོ་པེལ་རྩོམ་རིག་བྱ་དགའ་

2016 ལོའི་ནོ་པེལ་རྩོམ་རིག་བྱ་དགའ་===བྷོབ•ཌེ་ལན་ Bob Dylan=== ལཊ་ལ་ཐོབ།

2016ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཨ་རིའི་གཞས་པ་དང་སྙན་ངག་པ། འཁྲབ་སྟོན་པ་བྷོབ•ཌེ་ལན(Bob Dylan)ལགས་ལ་ཐོབ། བྱ་དགའ་གནང་དོན་གཙོ་བོ་ནི་ཁོས་ཨ་རིའི་སྲོལ་རྒྱུན་གླུ་གཞས་ཀྱིས་སྙན་ངག་གི་ཉམས་དང་ལྡན་པའི་མཚོན་ཐབས་གསར་པ་ཞིག་གསར་གཏོད་བྱས་པས་རེད་ཅེས་བཤད་ཡོད། བྷོབ•ཌེ་ལན་གྱིས་ཆུང་དུས་ནས་གླུ་གཞས་ལ་སྦྱང་པ་བྱས་མྱོང་བར་མ་ཟད་བརྩམས་ཆོས་མང་པོ་ཡོད་མཁན་ཞིག་རེད། ལོ་བཅུའི་སྟེང་ནས་བཟུང་གྷེས་ཐ་དང་རྣོ་སྦྲེང་སོགས་རོལ་ཆས་ཀྱི་རིགས་ལ་རང་སྦྱོང་བྱས། མཐོ་འབྲིང་སྐབས་སུ་རང་གི་རོལ་ཚོགས་བསྒྲིགས། 1962ལོར་ཁོའི་ཆེད་སྒྲིག་ཐོག་མ《བྷོབ·ཌེ་ལན》སྒོར་ཕུད།

ཁོའི་ཚབ་མཚོན་གླུ་གཞས་ནི《རླུང་ནང་དུ་འཕྱན་པ》(Blowing' in the Wind)དང《དུས་རབས་འགྱུར་བཞིན་འདུག》(The Times They Are a-Changing)ཅེས་པ་གཉིས་རེད། 1971 ལོར་དངོས་བརྒལ་རང་ལུགས་ཀྱི་བརྩམས་སྒྲུང《塔兰图拉》ཞེས་པ་པར་དུ་བསྐྲུན། 1973ལོར་གློག་བརྙན《帕特·加勒特和比利小子》ཡི་འཁྲབ་སྟོན་བྱ་བར་ཞུགས། 1979 ལོར་ཁོས་རང་ཉིད“བསྐྱར་དུ་གསོན་པའི་ཡེ་ཤུའི་དད་ལྡན”ཡིན་པ་ཡོངས་སུ་བསྒྲགས། དེའི་རྗེས་ནས་བཟུང་ཁོའི་གླུ་གཞས《བརྩེ་བ་འབར་བ》དང《མུ་སྟེགས་པའི་དད་ལྡན》སོགས་ལ་ཆོས་ལུགས་ཀྱི་བྲོ་བས་ཕྱུག་པར་བཤད། 2004ལོར་ཁོས་མིང་ལ《Chronicles, Vol. 1》ཞེས་པའི་རང་རྣམ་པར་དུ་བསྐྲུན། དེབ་འདིའི་རྒྱ་འགྱུར་མའི་མིང་ལ《འདྲིལ་རྡོ་ཞིག་དང་འདྲ》ཞེས་བཏགས་འདུག ཌེ་ལན་ལ་ངོ་རྒོལ་གླུ་བ་ཞེས་སྐབས་དེའི་ན་གཞོན་ཚོས་དམངས་དབང་དང་འཁྲུག་རྒོལ་གྱི་མགྲིན་ཚབ་པའི་ཚད་དུ་བཟུང་ཡོད། འོན་ཀྱང་། ཁོང་ལ་བྱ་དགའ་འདི་ཐོབ་རྗེས་མི་མང་པོས་ད་གཟོད་ཁོ་རང་ངོ་ཤེས་པའི་འགོ་རྩོམ་བཞིན་འདུག འདིས་ཁོ་རང་ལྕགས་རའི་ཕྱི་རུ་དེ་འདྲའི་ཤུགས་རྐྱེན་མེད་པ་མཚོན་པ་རེད། Sir Christopher Bruce Ricksཡིས་དཔྱད་འཇོག་འདི་ལྟར་བྱས་འདུག་སྟེ། ངས་བལྟས་ནས་ཌེ་ལན་ནི་རླབས་ཆེན་གྱི་སྒྱུ་རྩལ་པ་ཞིག་རེད། ཁོས་མིང་བརྡ་བཀོལ་སྟངས་ལ་རྟོག་འགོད་ཀྱི་ནུས་པ་བསམ་མི་ཁྱབ་པ་ཡོད། ངས་ཡང་དང་བསྐྱར་དུ་རྟོག་འགོད་ནུས་པ་དང་གསར་གཏོད་ནུས་པས་དབུལ་བའི་རྩོམ་འབྲི་བའི་སྡེ་དག་གིས་ཁོས་ནོར་འཁྲུལ་བཟོས་སོང་ཞེས་བཤད་སྲིད་པར་ཆགས་འཇོག་གིན་ཡོད། ཡིན་ནའང་། ཁོས་དུས་རྒྱུན་ལས་ཡག་པོ་རྐྱང་བསྒྲུབས་སོང་། ཞེས་པའོ།།

ཡང་དྲྭ་གྲོགས་ཤིག་གིས་ནོ་པེལ་བྱ་དགའི་དཔྱད་འདེམས་པས་སྙིང་ཁམས་ཆེན་པོས་གསར་གཏོད་ཅིག་བྱས་ལ་ཉེན་ཁ་ཆེ་བའི་ཐག་གཅོད་ཅིག་ཀྱང་བྱས་སོང་། དར་གླུའི(流行曲)གླུ་ཚིག་གང་དེ་གཟབ་ནན་གྱི་རྩོམ་རིག་བརྩམས་ཆོས་སུ་ལྟ་སྐབས། དུས་དར་དང་གཟབ་ནན་གྱི་འགལ་བ་འགོག་མེད་དུ་འབྱུང་ངེས། འདིས་ཡོ་རོབ་དང་མེ་གླིང་དུ་རྒྱ་ཆེ་ལ་ཡུན་རིང་བའི་བགྲོ་གླེང་ཞིག་བསླང་སྲིད་ཅེས་བཤད་འདུག