༣༦ནི་རང་བྱུང་གི་གྲངས་ཞིག་སྟེ་༣༥པའི་རྗེས་མ་དང་༣༧པའི་སྔོན་དུ་ཡིན།

གསལ་བཤད།

རྩོམ་སྒྲིག

པར་རིས་བར་འཁྱམས།

རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

༄༅།།ང་འདི་ལྟར་འཚོ་བཞིན་ཡོད་། ཁ་བ་ཅན་ལྗོངས་ནས་ལངས་ཚོའི་མེ་ཏོག་བཞད་།། ཕ་མ་བཟང་པོ་ཡིས་བྱམས་རྩེའི་ཆུ་ཡིས་བསྐྱངས་།། ཀ་ཁའི་ལམ་དུ་བཞུགས་མི་ལོ་གསུམ་ལ་བརྩོན་།། མཐའ་མ་རྐྱེན་ངན་གྱིས་སློབ་གླིང་ཕྱི་རུ་བུད་།།

ཕོ་ལོ་བཅུ་བཞི་ལ་བསྟན་པའི་ཞབས་ལ་གཏུགས་།། ངུར་སྨྲིག་ལུས་ལ་བསྐོན་ཆོ་གའི་ལམ་ལ་འཆས་།། དགེ་རྒན་མི་བཟང་བས་སློབ་ལ་བརྩོན་རྒྱུ་མེད་།། པགས་པ་བརྡུངས་་བརྡུངས་ནས་འཚོ་བ་སྐྱལ་ཐབས་བྱས་།།

ཉི་མོ་ཆོ་གར་གཞོལ་མཚན་མོ་གྲོང་ལ་འཁྱམས་།། དཀར་ནག་སྲིད་པ་ཡི་རོ་བཅུད་ཀུན་ལ་མྱངས་།། ཡ་གིའི་ཆོས་མ་ཤེས་མ་གིའི་སྲིད་མ་ཤེས་།། བརྗོད་དཀའི་འཚོ་བ་དེས་ང་ལ་སུན་སྣང་བྱིན་།། བློ་མཐུན་གྲོགས་དང་ལྷན་ས་མཐའི་ཡུལ་དུ་འཁྱམས་།། རང་འདོད་ཤིས་བྱ་ལ་བླ་མའི་དྲིན་གྱིས་བརྩོན།། ཕུགས་འདུན་བཟང་པོ་ཡི་དོན་དུ་འབད་ཁུལ་བྱས་།། རྒྱང་རིང་ས་མཐའ་དིར་མི་ལོ་བདུན་ལ་གནས་།།

ཀ་ཁའི་ངོ་ཤེས་ནས་རིགས་ཀྱི་སྐྱོ་བ་རྟོགས་།། བླ་མ་བཟང་པོ་ཡི་ལམ་སྟོན་བཟང་པོར་བཞུགས་།། རིིགས་ཞེན་དྭངས་མ་ཞིག་སྙིང་གི་དབུས་སུ་འཁྲུངས་།། མ་འོངས་གང་ལྗོངས་ཆེད་སྨོན་ལམ་ཙམ་ཡང་བཏབ།།

རྒྱང་རིང་ས་མཐའ་ནས་ཡང་ཡང་དྲན་བཞིན་པའི་།། ནང་མི་སྤུན་གྲོགས་ཚོའི་ལས་དབང་སྐྱོ་ལོས་ཨང་།། འདི་འདྲའི་བསམ་བློ་འདི་ཡང་ཡང་ང་ལ་སྐྱིས།། ཆོས་པའི་གཟུགས་ཤིག་གིས་རིགས་ཀྱི་དོན་ལ་བསམ།།

བྱམས་པ་སྙིང་རྗེ་ཡི་རང་ངོ་ཅུང་ཤེས་ཀྱང་།། ཟབ་མོ་སྟོང་པའི་དོན་བློ་ལ་སྦྱོང་པར་དཀའ་།། སྐྱེ་བ་ཕྱི་མ་དེར་ཟབ་མོ་ཆོས་ཀྱི་དོན་།། རྒྱུད་ལ་སྐྱིས་འགྱུར་ནས་འགྲོ་དོན་མཛད་པར་སྨོན་།།

ཅང་མེད་ས་མཐའ་ནས་རེ་བ་རུམ་གང་བསགས།། རང་གི་འདོས་མོས་ལྟར་ཕ་སྐད་སྦྱོང་ཁུལ་བྱས་།། རིགས་སྟོབས་དམན་པ་དང་ཟང་ཟིང་ཆེ་དྲག་པས།། ཆུ་ཚོད་ཉེར་བཞི་ལ་བརྩོན་རྒྱུ་དཀའ་མོ་རེད་།།

གང་ཐུབ་རང་རིགས་ལ་ཞབས་ཞུ་བྱུང་ན་བསམ།། རིགས་གཅིག་གང་མང་ལ་ཞེན་གཏམ་གང་ཐུབ་བཤད་།། རྒྱང་རིང་ལ་ཕ་ས་ལ་གནས་ཟོས་བདེ་ན་སྙམ་།། ས་མཐའི་ཡུལ་ཞིག་ནས་ཁོ་བོ་འདི་ལྟར་འཚོ་།། སྤྱི་ལོ་༢༠༡༢ཟླ་བ་༡༢ཚེས་༤་ཉིན་རང་དགོན་ནས་།།

དཔྱད་གཞིའི་དཀར་ཆག

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག