ཀ 1.བོད་ཡིག་གི་གསལ་བྱེད་དང་པོ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང༌། བྱེད་པ་མགྲིན་པ། ནང་གི་རྩོལ་བ་མགྲིན་པ་ནང་ཕྲད། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་མེད། 2.མིང་གཞིའི་ཕོ་ཡིག་ཅིག 3.རྟགས་མཚུངས་འདྲེན་སྐབས་ག་ད་བ་ས་སྟེ་རྗེས་འཇུག་ཕོས་དྲངས་པའི་མིང་གི་ཆ་ཤས་ཤིག

       (དཔེར་ན།) ཐབ་ཀ དཔྱིད་ཀ དཔྱིད་ཀའི་མེ་ཏོག  ཐོག་ཀའི་ཁང་མིག ངེད་གཉིས་ཀས་སློབ་སྦྱོང་བྱེད་ལྟ་བུ།   

4.གྲངས་ཀྱི་མིང་མཐར་བཅུག་ན་ཚང་མའམ་ཐམས་ཅད་ཅེས་པའི་དོན་སྟོན་པའི་ཆ་ཤས་ཤིག

        (དཔེར་ན།) སྔ་ཕྱི་གཉིས་ཀ སྟོང་ཕྲག་གཉིས་ཀ་ཞེས་པ་ལྟ་བུ།

5.རྩ་བ་དང༌། ཐོག་མ། གདོད་མ་བཅས་ཀྱི་དོན་ཏེ།

       (དཔེར་ན།) གཞི་ནས་དག་པ་ལ་ཀ་ནས་དག་པ་ཟེར་བ་ལྟ་བུ།
"https://bo.wikipedia.org/w/index.php?title=ཀ་&oldid=122779"ལས་སླར་རྙེད་སོང།