➀ ཁང་བ་དང་ཟམ་པ་སོགས་ཀྱི་གདུང་མ་འདེགས་བྱེད་ཀྱི་ཤིང་སོགས་གྱེན་འགྲེང་གི་མིང་། ཁང་པའི་གདུང་མ་འདེགས་བྱེད། ཀ་བ་རིང་པོ། ཀ་བ་སྦོམ་པོ། མིང་བསྡུས་ན་ཀ་ཞེས་འབྲི་ཆོག་སྟེ། ཀ་རིང་དང་ཀ་ཐུང་ལྟ་བུ ➁ སྲོག་ཤིང་ལྟ་བུའི་དཔེ། ཁྱིམ་ཚང་འདིའི་བུ་མོ་གཅིག་པོ་དེ་ཁྱིམ་གྱི་ཀ་བ་ཡིན་པས་མེད་དུ་མུ་རུང་། ➂ ཕྱིའི་དབྱིབས་ཀ་བ་དང་འདྲ་བའི་དཔེ།རི་མཐོན་པོ་གནམ་གྱི་ཀ་བ་འདྲ།

"https://bo.wikipedia.org/w/index.php?title=ཀ་བ&oldid=115771"ལས་སླར་རྙེད་སོང།