ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་སྐོར་གྱི་བཅའ་ཁྲིམས།
༄རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང་། འཇིགས་སྐུལ་བྱེད་སྒོའི་རྩ་འཛུགས་ཁྲིམས་ལྟར་མེད་པར་བཟོ་རྒྱུ། འཇིགས་སྐུལ་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བྱ་རྒྱུའི་གྲ་སྒྲིག ལག་བསྟར་བཅས་བྱས་པ་དང་། འཇིགས་སྐུལ་རིང་ལུགས་འུད་སྒྲོག་དང་འཇིགས་སྐུལ་བྱེད་སྒོ་སྤེལ་རྒྱུའི་ངན་སྐུལ་བྱས་པ། འཇིགས་སྐུལ་བྱེད་སྒོའི་རྩ་འཛུགས་སྒྲིག་འཛུགས་དང་། འགོ་ཁྲིད། ཐེ་ཞུགས་བཅས་བྱས་པ། འཇིགས་སྐུལ་བྱེད་སྒོར་རོགས་རམ་བྱས་པ་བཅས་གང་ཞིག་ཡིན་རུང་ཚང་མའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་རྒྱུ་རེད།
རྒྱལ་ཁབ་ཀྱིས་འཇིགས་སྐུལ་བྱེད་སྒོའི་རྩ་འཛུགས་དང་མི་སྣ་གང་ཞིག་ཡིན་རུང་འོས་མེད་བསྟུན་ཐབས་བྱེད་ཀྱི་མ་རེད། འཇིགས་སྐུལ་བྱེད་སྒོའི་མི་སྣ་གང་ཞིག་ཡིན་རུང་འགེབས་སྲུང་མི་བྱེད་པའམ་ཡང་ན་སྐྱབས་བཅོལ་གནས་བབ་སྤྲོད་ཀྱི་མ་རེད།
འཇིགས་སྐུལ་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བྱ་རྒྱུའི་གྲ་སྒྲིག ལག་བསྟར་བཅས་བྱས་པ་དང་། འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་བྱས་པ། འཇིགས་སྐུལ་བྱེད་སྒོ་སྤེལ་རྒྱུའི་ངན་སྐུལ་བྱས་པ། འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་གྱི་དངོས་རྫས་ཁྲིམས་དང་མི་མཐུན་པར་བཟུང་བ། མི་མང་འདུ་འཛོམས་བྱ་ཡུལ་དུ་འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་བྱེད་པའི་རྒྱན་གོས་དང་མཚོན་རྟགས་མི་གཞན་ལ་བཙན་ཤེད་ཀྱིས་འདོགས་སུ་བཅུག་པ། འཇིགས་སྐུལ་བྱེད་སྒོའི་རྩ་འཛུགས་སྒྲིག་འཛུགས་དང་། འགོ་ཁྲིད། ཐེ་ཞུགས་བཅས་བྱས་པ། འཇིགས་སྐུལ་བྱེད་སྒོའི་རྩ་འཛུགས་དང་། འཇིགས་སྐུལ་བྱེད་སྒོའི་མི་སྣ། འཇིགས་སྐུལ་བྱེད་སྒོ་སྤེལ་བའམ་ཡང་ན་འཇིགས་སྐུལ་བྱེད་སྒོའི་གསོ་སྦྱོང་ལ་རོགས་རམ་བྱེད་རིགས་ལ་ཉེས་དོན་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་རྒྱུ་རེད།