ཀྲང་ལུད་ཆན། ལེ་ཏ་དང་གློག་རྡུལ་ལག་རྩལ་གྱི་རིགས་གཅིག་མཁས་ཅན། ཧུའུ་ནན་གྲང་ཧྲཱ་ཡི་མི་ཡིན། སྤྱི་ལོ༡༩༥༡ ལོར་ཆིང་ཧྭ་སློབ་ཆེན་གློག་འཕྲུལ་བཟོ་སྐྲུན་ཚན་ཁག་ནས་སློབ་མཐར་ཕྱིན། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཚན་རྩལ་ཨུ་ལྷན་གྱི་བློ་འདྲི་ཞུ་ཡུལ་ཡིན། ཨ་འགོག་ཁྲའོ་རོགས་སྐབས་སུ་དམག་དཔུང་ལ་ལེ་ཏའི་འགོག་རྐྱེན་གྱི་གནད་དོན་སེལ་རོགས་ཞུས་ཏེ། རང་རྒྱལ་གྱི་གློག་རྡུལ་འགྲན་རྒོལ་བྱ་གཞག་ལ་གསར་གཏོད་རང་བཞིན་གྱི་ལས་དོན་བསྒྲུབས་ཡོད། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གསར་འཛུགས་ནང་ཞུགས་ནས་རྒྱལ་ཁབ་ཀྱི་མཁའ་ཟོན་འཕུར་མདེལ་ལེ་ཏ་ཨང་དང་པོའི་ཞིབ་འཇུག་གསར་གཏོད་ལས་དོན་གྱི་གཙོ་སྐྱོང་གནང་བ་རེད། དེའི་གྲུབ་འབྲས་ལ་དེ་སྔ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་དམིགས་བསལ་རིམ་པའི་བྱ་དགའ་དང་བྱ་དགའ་ཨང་དང་པོ། དེ་བཞིན་རྒྱལ་ཡོངས་ཚན་རིག་ཚོགས་ཆེན་གྱི་བྱ་དགའ་སོགས་ཐོབ་ཡོད། སྤྱི་ལོ༡༩༩༧ལོར་ཧོ་ལུང་ཧོའུ་ལུའི་ཐེབས་རྩའི་ཚན་རིག་ཡར་ཐོན་གྱི་བྱ་དགའ་ཡང་ཐོབ། རང་རྒྱལ་གྱི་འཕྲིན་གཏོང་དང་། གནམ་གཤིས། མཁའ་ལམ་ཕྱོགས་སྟོན། རྒྱང་ཚོར་སོགས་བཀོལ་སྤྱོད་སྲུང་སྐར་དང་མི་ཞུགས་མཁའ་སྐྱོད། ཟླ་དཔྱད་ལས་གཞིའི་ཞིབ་འཇུག་དང་གསར་བཟོའི་ལས་དོན་ནང་ཞུགས་ཏེ། མཁའ་བསྐྱོད་བྱ་གཞག་འཕེལ་རྒྱས་ཡོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། སྤྱི་ལོ༡༩༩༥ལོར་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིར་འདེམས་ཐོན་བྱུང་བ་རེད།

ཀྲང་ལུད་ཆན།
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
མ་ཡུམ་སློབ་གྲྭ་Tsinghua University Edit this on Wikidata
བཟའ་ཟླ་Li Bowei Edit this on Wikidata
Template loop detected: Template:Infobox person/Wikidata

པར་རིས་བར་འཁྱམས། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག རྩོམ་སྒྲིག