ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་སྐོར་གྱི་བཅའ་ཁྲིམས།
༄ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་འཚེ་གཏོང་མི་ཆོག
རྒྱལ་ཁབ་ཀྱི་ལས་ཁུངས་དང་། དྲག་ཆས་སྟོབས་ཤུགས། ཏང་སྲིད་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག དེ་བཞིན་ཁེ་ལས་དང་བྱ་གཞག་རྩ་འཛུགས་ཁག་བཅས་ཚང་མར་གསང་མྱུལ་གྱི་བྱེད་སྤྱོད་སྔོན་འགོག་དང་བཀག་འགོག་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད།
གསང་མྱུལ་ལ་ངོ་རྒོལ་གྱི་ལས་ཀའི་ནང་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས། མི་དམངས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གསང་མྱུལ་གྱི་བྱེད་སྤྱོད་ལ་དོགས་ཟོན་དང་བཀག་འགོག་བྱེད་དགོས།
སྤྱི་དམངས་དང་རྩ་འཛུགས་ཀྱིས་གསང་མྱུལ་གྱི་བྱེད་སྤྱོད་ཤེས་རྟོགས་བྱུང་མ་ཐག་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ལ་སྙན་སེང་ཞུ་དགོས། སྤྱི་བདེ་ལས་ཁུངས་སོགས་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྩ་འཛུགས་གཞན་དག་ལ་སྙན་སེང་ཞུས་རིགས། འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྩ་འཛུགས་ཀྱིས་འཕྲལ་མར་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་འབུལ་དགོས།
རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་གྱི་བྱེད་སྤྱོད་སྐོར་གྱི་གནས་ཚུལ་བརྟག་དཔྱད་ཤེས་རྟོགས་དང་འབྲེལ་ཡོད་དཔང་རྟགས་འཚོལ་སྡུད་བྱེད་སྐབས། འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱིས་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་ལས་མཁོ་འདོན་མི་བྱས་པ་བྱེད་མི་ཆོག[༡][༢]
མཛའ་འབྲེལ་ཚན་པ།
རྩོམ་སྒྲིག- ↑ 科普中国
- ↑ "藏汉双语科普". Archived from the original on 2023-01-13. Retrieved 2023-01-12.