ཁ་མང་ཆོས་འཕེལ་དོན་གྲུབ་

ཁ་མང་ཆོས་འཕེལ་དོན་གྲུབ་ ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྨད་ཙམ་དུ་ཁ་མང་ལ་སྐུ་འཁྲུངས། ཁོང་གིས་ཀུན་མཁྱེན་འཇིགས་མེད་དབང་པོ་ (1728—1791) དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མགསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ལེགས་པར་གནང་ཞིང་མཁས་པ་ཆེན་པོར་གྱུར། རབ་བྱུང་བཅུ་བཞི་པའི་བགྲང་བྱ་ཉེར་བརྒྱད་པ་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1834 ལོར་བྱ་ཁྱུང་དགོན་པའི་གདན་སའི་ཁྲི་ལ་བཞུགས་ནས་ལོ་ངོ་དྲུག་གི་རིང་དུ་ཆོས་སྲིད་གཉིས་ཀྱིས་གདན་ས་ལེགས་པར་བསྐྱངས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དྲུག་ཅུ་རེ་གཅིག་པ་ཡིན་ནོ།།