ཁ་མང་བུ་རྒྱུད་སྐལ་བཟང་ལེགས་བཤད་

ཁ་མང་བུ་རྒྱུད་སྐལ་བཟང་ལེགས་བཤད་ ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1790 ལོར་མདོ་སྨད་ཀ་མདོར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་གཞོན་ནུའི་དུས་སུ་བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་བསྡུས་གཞུང་དང་རིག་གནས་ཆུང་བ་རྣམས་ལ་སྦྱངས་པར་མཛད། དེ་ནས་དབུས་སུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཁས་པ་ཆེན་པོར་གྱུར། དགུང་ལོ་བཞི་བཅུ་ཞེ་དགུ་པར་རང་དགོན་བྱ་ཁྱུང་དུ་ཕེབས། དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1846 ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲི་ལ་བཞུགས་ནས་ལོ་བཞིའི་རིང་དུ་ཆོས་སྲིད་གཉིས་ཀྱིས་གདན་ས་ལེགས་པར་བསྐྱངས། ཁོང་ནི་བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་དྲུག་ཅུ་རེ་བཞི་པ་ཡིན་ནོ།།