ཁྲིམས་ཞེས་པ་ནི་སྒྲིམ་སྲོལ་གྱི་ལམ་ལུགས་ཞིག་རེད། ནམ་རྒྱུན་དུ་དེ་ནི་ལམ་ལུགས་བཟོས་པའི་འོག་ལག་བསྟར་བྱེད་རྒྱུ་དེ་ཡིན། ཁྲིམས་ཞེས་པ་ནི་ཐབས་མང་པོ་ཞིག་བརྒྱུད་ཆབ་སྲིད་དང་དཔལ་འབྱོར་ཡང་ན་སྤྱི་ཚོགས་ཐོག་གི་མི་དང་མིའི་དབར་གྱི་བར་འདུམ་བྱེད་མཁན་ཞིག་རེད།

གསལ་བཤད།

རྩོམ་སྒྲིག

ཁྲིམས་ལུགས་འཇུག་སྒོ། མཁྱེན་རབ་ཀློང་ནས་དྲང་བདེན་གནམ་ལྕགས་འབར། །རིས་མེད་ཚ་ཟེར་ནོར་འཛིན་སྤྱི་ན་མཛེས། ། འདྲ་མཉམ་ཉག་ཕྲན་འགྲོ་དྲུག་ཀུན་ལ་འདེགས། །ཞི་བདེའི་བྱེད་པོ་བུ་རམ་ཤིང་པར་འདུད། །

རིག་ཚལ་དབུས་ན་རྣམ་དག་འདབ་མ་མཛེས། །རྣོ་ངར་ཤེས་བྱའི་རལ་གྲིས་དགུང་སྔོན་བརྟོལ། ། སྙན་མཁན་སྙིང་ནོར་ལྷ་གཅིག་མཚོ་བྱུང་མ། ། རིག་ངག་ཀུན་རྒྱལ་ལྷ་གཉིས་སོར་མོས་མཆོད། །

མུན་བྱིངས་དགེ་ཕྲུག་རྨོངས་གཉིད་རྒྱ་ལས་བཀྲོལ། །ཤེས་བྱའི་སྦྲང་རྩི་འཆད་ལ་སྙོམས་ལས་དབེན། ། ངལ་ཐུབ་བདུད་བརྟུལ་གཞན་ཕན་ལྷག་བསམ་དཀར། །ཡམ་ཡུམ་འཕོས་པའི་བཤེས་གཉེན་ཉིན་བྱེད་རྒྱལ། །

གོ་རྟོགས་དྲི་ཟུར་ཙམ་དབེན་བློ་དམན་བདག །དུས་རླབས་འཚེར་སྒྲས་བདེ་མོའི་དམལ་ལས་བསད། ། ཐོལ་བྱུང་གཞན་རིགས་ཡར་ཐོན་རྔ་བོ་ཆེས། །སུན་ནས་ལྗོངས་དེར་ཞེན་པས་བྲིས་པར་བཅས། །

ཁྲིམས་ཀྱི་རྣམ་ཤེས་དྲང་ཞིང་བདེན་སྐྱོང་ཁྲིམས། །ཁྲིམས་འགན་རང་དབང་ཐོབ་ཐང་བདེ་སྐྱོང་ཁྲིམས། ། ཁྲིམས་བླ་ཀུན་གསལ་གོ་བསླ་ཆོས་ཆེ་ཁྲིམས། །ཁྲིམས་ཞེས་རོ་མིན་སྤྱོད་ཅིང་ཀུན་ཕན་བཏང་སྙོམས་ཁྲིམས།། ཁྲིམས་འབྱུང་རིམ་དུས་རགས་བཤད། སྤྱིར་འདི་ནི་ཁྱབ་རྒྱ་ཆེ་ཤིང་སྤྱི་ཚོགས་སྤྱི་ཡི་བདེ་འཁོད་ཐད་དམིགས་བསལ་གྱི་ཕན་འབྲས་ཆེ་བས་ན། དེ་ཡི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་དུ་མར་བསྙེགས། དཔེར་ན་རང་ཅག་ཁ་བའི་ལྗོངས་དེར་སྐྱེ་འགྲོའི་སྲིད་པ་ཆགས་རྗེས་ཁ་གསལ་པོར་རྟོགས་པ་ནི་བོན་གཞུང་གི་མཚར་དུ་བཀྲ་བའི་རིག་གཞུང་དེ་ཡིན། མ་གཞི་བོན་གྱི་སྔོན་ལ་གདོད་མའམ་སྤྱི་ཚོགས་གང་འདྲ་ཞིག་བརྒྱུད་ཡོད་པ་མ་དཔོག་ཀྱང་མ་མཐར་ང་ཚོས་ལོ་ ངོ་སྟོང་ཕྲག་བཞི་ཙམ་གོང་ཁྲིམས་ལུགས་དེ་ཡོད་ངེས་པ་བསྙོན་མེད་རེད། རྒྱུ་རྐྱེན་གཙོ་བོ་གང་ཞིག་ཅེ་ན་ འདི་ནི་ལོ་རྒྱས་ལྟར་ན། བོད་བཙན་པོའི་རྒྱལ་ཁབ་མ་ཆགས་གོང་མ་སང་སྤུན་དགུས་དབང་བསྒྱར་དང་། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། སིལ་མ་བཞི་བཅུ། ཡང་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བསྒྱུར་བ་སོགས་ལ་དཔྱད་ན། དབང་བསྒྱུར་བར་ལ་ངེས་པར་དགོས་ངེས་ནི་གཞན་བསྐུར་བར་བྱ་བྱེད་ཀྱི་ལག་ཆ་དགོས། སྐབས་དེའི་སྤྱི་ཚོགས་ཀྱི་་གནས་འབབ་ལ་གཞིག་ན་འདི་ན་ཡུལ་ཁྲིམས་སམ་ཆོས་ལུགས། ཡང་ན་འབྲི་མའི་ཡིག་ཆ་སོགས། རྫེས་མ་འདི་ནི་དུས་དེས་སང་ཡང་ཉམས་པར་ལེན་པ་ཡིན། གང་ལྟར་དབང་བསྒྱར་བ་ཙམ་གྱི་ ཁྲིམས་ཞིག་ཡོད་པར་གོར་མ་ཆགས། དེ་རྗེས་པུར་རྒྱལ་དུས་སུ་ཁྲིམས་ཡོད་པ་ཙམ་མ་ཟད་སྒྲིག་ གཞི་དང་ལྡན་པ་ཞིག་ཡོད་པ་ནི་རྒྱས་འབྲེལ་བྱེད་མི་དགོས་ལ་བྱེད་པར་ཡང་རང་གི་ཤེས་རྒྱས་བསླུས། འོན་ཏེ་དམིགས་བསལ་གྱི་དཔེ་ཙམ་དྲངས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཏན་འབེབས་མཛད་པའི་ཁོད་སོ་དྲུག་ལྟ་བུའོ། །

 རྒྱ་ནག་ནི་འཛམ་གླིར་འདིར་གཅིག་ཤོས་ཀྱི་དུམ་མཚམས་མ་ཆད་པར་རང་གི་འོད་སྟོང་འཕྲོ་བའི་རིག་གནས་བརྒྱུད་འཛིན་བྱུང་བའི་གནའ་རབས་རྒྱལ་ཁབ་ཏུ་གསུངས་གི་ཡོད།     རྒྱུ་རྐྱེན་ནི་གནའ་རབས་འཛམ་གླིང་ཤེས་དཔལ་ཕྱུག་པའི་རྒྱལ་ཁབ་བཞི་སྟེ། རྒྱ་དཀར་ནག་གཉིས་དང་།  ཨི་ཇིབ།༼Egypt དེང་སང་ཨི་ཇིབ་རྒྱལ་ཁབ་ཀྱི་གནའ་རབས་རྒྱལ་ཁབ་བོ།༽པྰ་པི་ལུན༼Babylon དེང་སང་གི་དབྱི་རག Iraqརྒྱལ་བརྒྱུད་ཀྱི་གནའ་རབས་རྒྱལ་ཁབ།༽ལས་རྒྱ་ནག་ཕུད་པའི་རྒྱལ་རབས་གསུམ་བར་དུ་དམག་དང་མུ་གེ་སོགས་ཀྱི་རྐྱེན་ལས་རྒྱལ་རབས་ཆད་པར་བཞེད།  དེར་མདོར་བསྡུས་ཙམ་གླེང་ན།  རྒྱ་ནག་སྔོན་ལོ་རྒྱས་ཡིག་ཚང་ལྟར་གསལ། སྤྱི་ལོའི་སྔོན་གྱི་དུས་རབས་ཉེར་གཅིག་ནས་བདུན་པའི་བར་ཤྰ་རྒྱལ་རབས་༼夏朝༽རྨ་ཆུའི་བརྒྱུད་དུ་བྱུང་ཞིང་ཁྲིམས་ལུགས་འདི་ནས་དར་འགོ་ཚུགས་པར་གྲགས།         དེང་སང་ཞིབ་འཇུག་པ་ཚོས་སྙིགས་མ་འདུལ་འཛིན་ནམ་གནའ་རྫས་རྟོགས་དཔྱོད་ལས་གསལ་རྟོགས་ལྟར་ན།  དེའི་བསྐོར་རབ་རིབ་ཙམ་བརྗོད་རྒྱུ་འདུག  ཐང་རྒྱལ་རབས་དུས་སུ་ནི་ཆེས་ཁྱད་དུ་འཕགས་པའི་རྒྱལ་རབས་ཞིག་ཡིན། སྐབས་དེ་དུས་ཁྲིམས་ཀྱི་རྣམས་གྲངས་སོགས་པ་ཡར་ཐོན་ཤིན་ཏུ་ཆེ་བ་ཙམ་མ་ཟད་དཔལ་འབྱོར་ཀྱང་འཛམ་གླིང་གི་རྩེ་མོར་ སོན་གྱི་ཡོད་པ་རེད།  དེང་སང་ཡར་ཐོན་རྒྱལ་ཁབ་ཉེ་གོང་༼Japan༽ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཚོས་རྒྱ་ནག་རྒྱལ་པོའི་ཁྲིམས་དེ་རང་སོར་དཔར་བཀོད་དང་ཡིག་བསྒྱར་བྱས་ཏེ་རང་གི་རྒྱལ་ཁབ་དུ་བེད་སྤྱད་ཀྱི་ཡོད་པར་གསུངས། 
        དེང་དུས་སམ་ཉེ་རབས་ནང་སྙན་གྲགས་ཆེ་བ་ནི་ཡོ་རོབ་གླིང་ངམ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ ཁབ་དེ་དག་ཡིན།  བཀད་བཀོད་རྒྱུད་འཛིན་ལས་གསར་བརྗེས་དུ་འཕོས་པའི་མ་རྩ་རིང་ལུགས་གི་ལྟ་བ་གསར་པ་དཔེར་ན།  འདྲ་མཉམ་དང་རང་དབང་།  རང་རྫས་བདག་དབང་བླ་ན་མེད་པས་བཙན་ གནོད་མི་རུང་བ་སོགས་ཁྱད་འཕགས་གི་རིག་གཞུང་དར་ཁྱབ་བྱུང་ཡོད་ལ། ཚང་མས་ཀྱང་འདིར་ སྙིགས་དོར་བཅུད་ལེན་ངང་སློབ་སྦྱོང་དང་བྱེདབཞིན་ཡོད་པ་རེད།  ཆབས་ཅིག་ཉེས་དོན་གཏུག་བཤེར་ དང་དམངས་གྱོད་གཏུག་གཤེར།  དབང་ཆ་གསུམ་ལོགས་སུ་བཀར་བ།༼དེའི་ནང་གི་དབང་ཆ་གསུམ་ ནི་སྲིད་འཛིན་གི་དབང་ཆ། ཁྲིམས་འཛིན་དབང་ཆ། ཁྲིམསའཛུགས་གི་དབང་ཆ་གསུམ་མོ།  འདི་ལྟར་དབྱེ་བའི་གཞུང་ལུགས་འདི་ནི་ཧྥ་རན་སིའི Franceམཁས་དབང་གྲགས་ཅན་མྰང་ཐ་སི་ཕྱིའུ་Montesquieuརུ་འབོད་པས་ཁྲིམས་ལུགས་གི་འདུ་ཤེས་ལ་དཔྱད་པ་ The Spirit of The Lawsཞེས་པའི་ནང་ཐོག་མར་གསལ་པོར་འཁོད་ཡོད། ཕྱིས་སུ་མི་རྣམས་ཀྱི་རྨོངས་གསེལ་མཁས་དབང་དུ་ འབོད་ཀྱིན་ཡོད། དེང་སང་ཨི་མི་རི་ཁ་Americaདབྱིན་ཇི་Englandཧྥ་རན་སི་Franceསོགས་རྒྱལ་ཁབ་དུ་ཁོང་གི་གཞུང་བཞིན་དབྱེ་ལ་བེད་སྤྱོད་བྱེད་མུས་སུ་གྱུར་ཡོད་པ་རེད།  ད་དུང་ཁོང་ལ་མི་ཚོས་ ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་རྨང་གཞི་འཛུགས་པ་པོ་ཡང་གསུངས་གི་འདུག༽  དེས་མ་ཚད་ང་ ཚོས་བླང་བྱར་འོས་པའི་ནད་དོན་ཞིབ་ཕྲ་ཤིན་ཏ་ནས་མང་། འདི་ཚོའི་གཞུང་མང་པོ་ནི་གྷི་རི་སི་ Greeceདང་རོམ་Romeཀྱི་དུས་ནས་གཏན་འབེབས་ལྟར་དར་འཕེལ་བྱུང་བར་སྒྲུབ་བྱེད་བཙན་པོ་ཡོད་པ་རེད།

ཁྲིམས་གྱི་ངོ་བོ་མདོར་བསྡུས།

  ཁྲིམས་ཅེས་པ་ནི་དབང་བསྒྱུར་གྲལ་རིམ་ཚོས་རང་ཉིད་ཀྱི་ཁེ་ཕན་དང་དབང་ཆ་སོགས་སྲ་བརྟན་ཡོང་ཕྱིར་ཆེད་དུ་བཟོས་པའི་མིའི་རིགས་ཀྱི་ཤེས་རབ་འབྲས་བུ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་གླེང་ཚེ་འགྲོ་བ་མི་ཡིས་རང་ཉིད་ཀྱི་འཚོ་བ་ནང་སྒྲིག་གཞི་ལྡན་པའི་བྱ་སྤྱོད་ནས་འཕེལ་རྒྱས་དུ་བྱུང་བར་སེམས་ཀྱང་མི་འོས་པ་ཆེན་པོ་མེད། གང་ཡིན་ཟེར་ན་འདི་ཡང་མཐོ་རིམ་སྲོགས་ཆགས་ཀྱིས་དུས་རབས་བརྒྱ་ཕྲག་ནང་ཉམས་མྱོང་གསོག་འཇོག་བྱས་པའི་ཉིང་ཁུ་ཡིན།  འོན་ཀྱང་འདི་རིམ་བཞིན་ཡུལ་སྲོལ་ལྟ་བུ་ཞིག་ནས་དབང་དང་བཀའ་བཀོད་ཞིག་ཏུ་འཕོས་པར་བཞེད།  ཆེད་ཐོག་མའི་ཁྲིམས་དེ་མང་གཙོ་ཡིན་པ་མཁས་དབང་མང་པོ་བཞེད་མཐུན་བྱུང་།   གང་ཡིན་ཟེར་ན་ཡ་ཐོག་གི་ཁྲིམས་དེ་མི་མང་གཅིག་གྲོས་གཅིག་མཐུན་གྱི་འབྲས་བུ་བས་ན་དེ་ལྟར་གསུངས།  འོན་ཏེ་ཁ་ཅིག་གི་གསུངས་ན་འདི་ནི་ནོར་འཛོལ་ཡོད་པའི་སྒུབ་བྱེད་དུ་གསུངས།  གང་ལགས་ཤེ་ན་མཁས་དབང་ཚོས་ཁྲིམས་ནི་ངེས་པར་བསྣོན་ཤུགས་དང་ལྡན་པ་ཡོད་དགོས་པ་བཞེད་པའི་ཕྱིར།

ཁྱད་ཆོས། གཅིག བཙན་ཤུགས་ཀྱི་རང་བཞིན། ཅི་ཞིག་ལ་བཙན་ཤུགས་ཀྱི་རང་བཞིན་བྱ་ཅེ་ན། ང་ཚོ་བོད་ཀྱི་གཏམ་དཔེ་ལྟར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟེར། མདོར་བསྡུས་ཙམ་དུ་བརྗོད་ན་གལ་ཏེ་ང་ཚོས་ཁྲིམས་ནས་འགལ་བའི་དབང་དུ་བཏང་ན་དེར་རྒྱལ་ཁབ་ཀྱི་བཙན་པོའི་ཤུགས་ཀྱི་ཉེས་ཆད་འབེབ་པར་བྱེད་ཅིང་རང་གི་ཐོབ་ཐང་དང་དབང་ཆ་བཀོལ་སྤྱོད་མེད་པས་ན་དེ་ལྟར་བརྗོད། གཉིས། གཟི་རྔམ་གྱི་རང་བཞིན། སྤྱིར་ཁྲིམས་ནི་གནད་དོན་གང་ཞིག་ལས་ཀྱང་ནང་དོན་གསལ་ཅིང་ཕལ་ཆེར་ འདིར་རང་འདོད་ལྟར་བསྒྱུར་བཟོ་བྱེད་པའི་དབང་ཆ་མི་སྒེར་དང་ཚོགས་པ་ཙམ་ཞིག་ལ་མི་སྣང་བར། འདི་ནི་མི་མང་གི་བསམ་པ་གཅིག་མཐུན་བྱུང་རྗེས་ལས་བྱུང་བའི་འབྲས་བུ་ཁྱད་པར་ཅན་ཞིག་ཏུ་གོ་དགོས། དེས་མ་ཚད་སྐྱེ་འགྲོ་ཚང་མས་འདི་ཚད་མ་ཞིག་ཏུ་འཛིན་ཏེ་བསྐུར་བསྟི་བྱ་བའི་ཕྱིར་ན་འདི་ལ་གཟི་རྔམས་དུ་ཆོག་པར་སེམས། གསུམ། བཀོད་འདོམས་ཀྱི་རང་བཞིན། རང་བཞིན་ཟེར་ཅེ་ན། དེ་ནི་ཁྲིམས་ཀྱི་རང་གཤིས་ལས་གསལ་རྟོགས་ཐུབ་ཁྲིམས་ནི་དབང་ཤུགས་ཀྱི་རམ་འདེགས་ལ་བརྟེན་ནས་བེད་སྤྱོད་དང་ཁྱབ་བརྡལ་གཏོང་བའི་ཕྱིར་ན་ དེར་ངང་ཤུགས་ཀྱི་གཞན་གྱི་བཀོད་པ་བརྟེན་ནས་གྲུབ་པས་ན་འདི་ལྟར་བཞེད། བཞི་པ། ཁས་ལེན་གྱི་རང་བཞིན། དེའི་གོ་དོན་ནི་ཁྲིམས་ལུགས་ཚད་ལྡན་ཞིག་ཡིན་ཚེ་ཡིག་ལམ་དུ་བཤར་བའི་ཁྲིམས་སྲོལ་སམ་ངག་རྒྱུན་དང་གྱོད་དོན་རྩ་བར་བཟུང་བའི་ཁྲིམས་སྲོལ་ཅི་རིགས་ཞིག་ཡིན་རུང་། འདི་ལ་རྒྱལ་ ཁབ་བམ་དབང་སྤྱོད་པ་ཚོས་ཁས་ལེན་བྱ་བ་ཞིག་ཡིན་དགོས། དེ་བས་ཀྱང་མི་མང་གི་ཁས་ལེན་བྱེད་ཞིག་ ཡིན་དགོས། དེ་མིན་ན་སེང་གེ་ཤི་བའི་རོ་དང་མཚུངས་ལ་ཁྲིམས་ལུགས་ཀྱི་འགག་རྩ་ནི་ལག་ལེན་དང་ བེད་སྤྱོད་བྱ་རྒྱུ་དེ་ཡིན་པས་སོ། ལྔ་པ། ཐོབ་དབང་དང་འགན་འཁྲིའི་རང་བཞིན། དེ་ནི་ཁྲིམས་ལུགས་ལ་ གོ་རྟོགས་ངོས་འཛིན་གསལ་པོ་ཞིག་ཡོང་བྱེད་ཀྱི་གོམ་པ་དང་པོ་ལྟར་སྣང་། སྤྱིར་བཏང་ཁྲིམས་ལུགས་ཀྱི་ ནང་རང་ལ་དབང་བའི་རྩ་བའི་དབང་ཆའམ་ཐོབ་ཐང་རྣམས་གསལ་པོར་འཁོད་ཡོད། མང་ཆེ་བ་སྤྱི་ དམངས་རང་ཉིད་སྲུང་བྱེད་ཀྱི་ཕུབ་དང་མཚུངས། གཙོ་བོ་རྩ་ཁྲིམས་ཀྱི་ནང་གསལ་པོར་འཁོད་ཡོད། དེ་དང་ཆབ་ཅིག་ཐོབ་ཐང་ལ་གཞིག་པའི་འགན་འཁྲི་རྣམས་ཀྱང་གསལ་པོར་འཁོད་ཡོད་པས་དེ་རྣམས་བློ་ངོར་ཆུད་ཚེ་རང་ཉིད་ཀྱི་ཁེ་དབང་བདག་སྲུང་བྱ་རྒྱུར་ཕན་འབྲས་ཆེད་ཆེ། ཁྲིམས་ཀྱི་རིན་ཐང་། གྲུབ་རྐྱེན་དང་མཐུ་ནུས། ༼མུ་མཐུད་འགོད་རྒྱུ༽

དཔྱད་གཞིའི་དཀར་ཆག

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག
"https://bo.wikipedia.org/w/index.php?title=ཁྲིམས།&oldid=126587"ལས་སླར་རྙེད་སོང།