གཉན་ཆུང་ལོ་ཙཱ་བ་ ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་སྒྲ་བསྒྱུར་བ་ཞིག་ཡིན། ཁོང་གིས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་ལེགས་པར་སྦྱངས་ཏེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི《བསྟན་འགྱུར》ལས《ཡིད་ལ་མི་བྱེད་པའི་སྒྲ་ལ་རྩོད་པ་སྤོང་བ་ཡིད་ལ་མི་བྱེད་པ་སྟོན་པ》ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་རྡོ་རྗེས་མཛད་པ་བཞུགས་སོ། །