གཡུ་རྙིང་ཉེར་ལྔ་
སྦྱོར་བ།
རྩོམ་སྒྲིགགཡུ་དང་བྱུ་རུ། གླ་རྩི། ཁ་གུར་སོགས་སྨན་སྣ་ཉེར་ལྔས་གྲུབ།
ཕན་ནུས།
རྩོམ་སྒྲིགལེབ་རྒན་རྒྱས་དང་ལྡན་འདུས་དུག་ཐབས་དང་། ། ཆུ་ཤོར་རྐུན་བུ་འོར་ལྷུང་ཁ་ལུད་དང་། ། གཞུང་རེངས་མཆིན་གྲུམ་ནག་པོ་ཧལ་སྐེམས་སོགས། ། བཅོ་བརྒྱད་ནད་སེལ་་དཔོན་ཚང་ཛ་ནའིལུགས། །
བསྟེན་ཚུལ།
རྩོམ་སྒྲིགཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ།
རྩོམ་སྒྲིགམ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང༌། རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ།
ལྗིད་ཚད།
རྩོམ་སྒྲིགརིལ་བུ་རེ་ལ་ཁེ་༡དང་ཐུམ་རེར་རིལ་བུ་༥ཡོད།
ཉར་ཚགས།
རྩོམ་སྒྲིགསྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།