Open main menu

Wikipedia β

གྲགས་ཅན་གྱི་གློག་བརྙན་འཁྲབ་མཁ།

རྩོམ་ཡིག་གི་ཁུལ།

དགོང་པ་མ་འཚོམ་ང་རང་ལ་དགའ་གིས།
ལྷོ་ཁུ་རི་ཡ།

ཁོ་བོ་ནི།དགོང་པ་མ་འཚོམ་ང་རང་ལ་དགའ་གིས།ཞེས་པའི་ལྷོ་ཀོ་རི་ཡའི་རྩེ་དུང་གི་གློག་བརྙན་ཞིག་གི་ནང་གི་གཙོ་འཁྲབ་མི་སྣ་ཞིག་ཡིན། དེ་ཡང་ཁོ་བོ་ཆུང་དུས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་གཞན་ཙམ་ཡོད་པའི་རྐྱེན་གྱིས་ཨ་ཁུས་ཁོ་བོའི་ཨ་མའི་ལྐོག་ལ་ཁོ་རང་དང་གཅེན་མོ་གཡུག་པས་ཁོ་བོ་དང་གཅེན་མོའི་འཚོ་བ་འཁྱམས་པོ་ཞིག་དང་དབྱེར་མེད་བསྐྱལ་རྒྱུ་གལ་བ་རེད།ཨ་མ་དེ་ནི་ཕྲུག་གུར་དུང་སེམས་གཟབ་པ་ཞིག་ཡིན་སྟབས་རང་ཉིད་ཀྱི་ཕྲུག་གུ་མེད་ན་འགྲིག་ཐབས་མེད་པ་ཞིག་ཡིན་རྐྱེན་ཡང་ཨ་ཁུས་ཕྲུག་གུ་གཞན་ཞིག་མ་སྒྲུག་དཀའ་མེད་བྱུང་དེ་ནས་ཨ་མས་རང་ཉིད་ཀྱི་མཉམ་གཉེར་ལས་ཀ་ཞིག་བཙུགས་ནས་ཁོ་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན། ཡིན་ཀྱང་རང་གི་ཕྲུག་གུ་དངོས་གནས་ཡིན་པའི་འཁྱམས་པོ་དེ་གཉིས་ནི་འཚོ་བའི་ཆ་རྐྱེན་ནི་གང་ཡང་མེད་ལོ་འགའ་ཤས་ཀྱི་རྗེས་ལ་ཁོ་བོ་ཕྱི་རྒྱལ་ཡུལ་དུ་ཡུལ་འཁྱམས་སུ་ཕྱིན།
File:དགོང་པ།.jpg
ཡ་ང་བའི་ཨ་མ་དེས་རང་གིས་ཕྲུག་གུ་ནི་ཨ་ཁུས་སྒྲུག་པ་དེ་ཡིན་བཞག་མ་གཏོགས་ཁོ་གཉིས་ཡིན་པ་ག་ནས་ཤེས་ལ་ཁོ་གཉིས་ཀྱི་གནས་བབས་ཀྱང་ག་ནས་བཏོགས་སྲིད།ཁོ་བོ་ཕྱི་རྒྱལ་གྱི་ཡུལ་དུ་རང་ཉིད་དང་རྒྱལ་ཁབ་གཅིག་པའི་དགའ་གྲོགས་ཞིག་བརྙེད་པ་དང་ཁོ་བོ་དེ་མོ་དེ་ལ་ཧ་ཅང་དགའ་པོ་ཡོད།ཁོ་གཉིས་དེ་འདྲ་ཟེར་ལོ་ཁ་ཤས་བསྐྱལ་དེ་ནད་དུས་ཡུན་་རིང་པོ་མ་འགོར་བར་ཁོ་བོའི་དགའ་གྲོགས་དེས་ཁོ་བོར་བཅངས་པའི་རྩེ་དུང་ཡོད་ཀྱང་ཁོ་བོར་རྒྱུ་དང་འབྱོར་པ་མེད་སྟབས་ཁོ་མོའི་སེམས་པ་སྦྱིན་བདག་ཞིག་གི་ཕྱོགས་ལ་བསྒྱུར་སྒོ་བརྩམས།དེ་ནས་རྒྱུན་རིང་མ་འགོར་བར་ཁོ་མོ་དང་སྦྱིན་བདག་དེ་ཆང་ས་བརྒྱབ།ཁོ་བོ་ནི་དགའ་གྲོགས་དེ་གློད་མ་འཐོང་བར་དེ་ལ་འཁོར་ནས་བསྡད།མོ་དང་སྦྱིན་བདག་དེའི་ཆང་སའི་སྐབས་སྦྱིན་བདག་དེ་ལྐོག་གསོད་བཏོང་མཁན་སླེབས་ནས་དེ་ཚོས་མེ་མདའི་ཁ་དེ་ཁོར་མོར་བསྡིར་ནས་བརྒྱབ་གྲབས་ཡོད་པའི་སྐབས་དེར་ཁོ་བོས་དགའ་གྲོགས་དེའི་ཕྱོགས་སུ་འཕྱོངས་ནས་རང་ཉིད་ཀྱི་ལུས་པོས་ཁོ་མོར་བརྒྱབ་པའི་མེ་མདའ་དེ་བཀག ཁྲག་གིས་གཡོག་པའི་ཁོ་བོ་ནི་འགུལ་ཙམ་ཡང་ག་ནས་བྱེད་ཐུབ།མོས་ལམ་སེང་མྱུར་སྐྱོབས་རླངས་འཁོར་སྐད་བཏང་བས་ཁོ་བོ་སྲོག་ཉེན་ལས་གྲོལ་ཙམ་བྱུང་།སྟབས་མི་ལེགས་པ་ཞིག་ལ་ཁོ་བོའི་མགོ་བོའི་སྟེང་ལ་ཡོད་པའི་མེ་མདའི་མདེའུ་དེ་བཏོན་ཐུབ་ཐབས་མེད།མདེའུ་དེས་ཁོ་བོའི་འགུལ་བསྐྱོད་དང་གང་སྤྱིའི་ཐད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད་པ་པ་མ་ཟད་ཁོ་བོའི་ཚེ་སྲོག་ལ་དུས་ཀྱི་ཚད་བཀག་བཟོས།ཁོ་བོ་དྲན་པ་གསོས་དུས་དགའ་གྲོགས་དེའི་སེམས་པ་ད་དུང་ཁོ་བོའི་ཕྱོགས་ལ་བསྒྱུར་མེད་པ་མ་ཟད་ཁོ་བོ་རང་རྒྱལ་ལ་ཕྱིར་ལོག་བྱེད་དགོས་པའི་བསྐུལ་མ་ཡང་བཏང་།ཁོ་བོ་ཕྱིར་ལོག་མ་བྱས་ཀྱི་གོང་དུ་ཡང་ཁོ་བོར་རྒྱལ་ཁབ་གཅིག་པ་ལམ་འཛོལ་བྱུང་བའི་བུད་མེད་ཞིག་དང་འཕྲད་བུད་མེད་དེ་ནི་ཁོ་བོའི་ཨ་མའི་གསོས་ཕྲུག་དེའི་གར་སྟེགས་ཐོག་མ་བསྐྱོད་གོང་གི་ཁོ་བོར་མཛེས་བཟོ་བྱེད་མཁན་ཞིག་ཡིན།སྐབས་དེ་དུས་ཕྲུག་གུ་དེ་ཕྱི་རྒྱལ་དུ་གཞས་བཏོང་བར་བསྐྱོད་པ་དང་ཁོ་མོ་དེ་དུས་རྐྱེན་གཞན་ཕན་འཕྲད་ནས་ལམ་འཛོལ་བྱུང་བ་ལ་ས་ཆ་འདིར་ཆགས་ས་བརྟེན་ས་མེད་པ་ཞིག་ཡིན།དེར་བརྟེན་ཁོ་མོ་ཁོ་བོ་མཉམ་དུ་མི་འགྲོ་རང་འགྲོ་བྱུང་།དེ་ལྟར་བྱས་ཏེ་ཁོ་བོའི་སེམས་པའི་ནང་དུའང་ཁོ་མོར་རྩེ་དུང་ངེས་ཅན་ཞིག་སླེབས་ཡིན་ནའི་མོ་དེས་ཁོ་བོར་འཛིན་པའི་
File:དགོང.jpg

བལྟ་བ་ནི་ཕ་ཡུལ་གཅིག་པའི་རོགས་ཙམ་རང་ཡིན། དོན་དངོས་ཐོག་ཁོ་མོའི་སེམས་པའི་ནང་དུ་ཡོད་པའི་དགའ་གྲོགས་དང་པོ་དེ་ཨ་ཁུ་དེས་སྒྲུག་པའི་ཕྲུག་གུ་དེ་ཡིན།ཕྲུག་གུ་དེ་ནི་ལྷོ་ཀོ་རི་ཡའི་གཞས་པ་གྲགས་པ་ཆེ་གྲས་ཞིག་ཡིན། རྗེས་ཁོ་གཉིས་མཉམ་དུ་རང་རྒྱལ་དུ་ཕྱིར་ལོག་བྱས་