གློག་སྡུད་རིག་པ་

གློག་སྡུད་རིག་པ་ཅེས་པའི་ནང་གི་སྡུད་ནི་རྣོ་ཁབ་ལེན་གྱི་དོན་ཏེ། གཞུང་ལུགས་འཆད་སྐབས་བྱེད་ནུས་ཀྱི་སྒོ་ནས་ཚིག་བསྡུས་ནས་སྡུད་ཅེས་བཏགས་པ་ཡིན། གློག་སྡུད་རིག་པ་ནི་དངོས་ལུགས་ཀྱི་ཚན་པ་གལ་ཆེན་ཞིག་ཡིན། ཉེ་རབས་དངོས་ལུགས་རིག་པའི་ལྟ་གྲུབ་ལྟར་ན། སྡུད་ཀྱི་སྣང་ཚུལ་ནི་འགུལ་སྐྱོད་བྱེད་པའི་གློག་ཁུར་ལས་འབྱུང་བ་སོགས་གློག་རིག་པ་དང་སྡུད་རིག་པ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པས་མཉམ་དུ་གློག་སྡུད་རིག་པ་ཅེས་མིང་བཏགས། ཞིབ་འཇུག་གི་ཁྱབ་ཁོངས་ལ་གཙོ་བོ། གློག་སྡུད་རླབས་དང་། གློག་སྡུད་ར་བ། གློག་ཁུར་དང་གློག་ལྡན་དངོས་གཟུགས་ཀྱི་སྒུལ་ཤུགས་རིག་པ་སོགས་འདུ།