ངེས་བརྗོད་ཀྱི་རིག་བྱེད།
《ངེས་བརྗོད་ཀྱི་རིག་བྱེད།》[༡](ལེགས་སྦྱར་སྐད: ऋग्वेदརྀ་གྭེ་ད)ནི་ཧིན་རྡུ་ཆོས་ལུགས་ཀྱི་རིག་བྱེད་ཆེན་པོ་བཞི་གྲས་ཤིག་ཡིན་ལ། ༺ རིག་བྱེད་གཞན་པ་གསུམ་ནི་སྙན་ཚིག་གི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་བཅས་ཡིན། ༻ དེའི་ནང་དོན་གཙོ་བོ་ནི་མཆོད་འབུལ་དང་ཆོས་ལུགས་ཀྱི་མཛད་སྒོ་གཞན་དག་སྐོར་ཡིན།