ཉི་ཁང་ནི་ཁང་པའི་ནང་དུ་ཉི་ནུས་ཀྱི་དྲོད་བསྡུ་དང་། དྲོད་གསོག་། དྲོད་འདོན་མ་ལག་བསྒྲིགས་ནས། ཁང་པའི་ནང་གི་ཆུ་ཚ་པོ་མཁོ་འདོན་དང་། དྲོ་ཇུས་བྱེད་པ་སོགས་ཀྱི་བྱེད་ནུས་མངོན་འགྱུར་ཐུབ་པ་བྱས་ཏེ། སྒྲིག་ཆས་གཞན་དག་སྤྱོད་མི་དགོས་པར། ཉི་ནུས་སྤྱད་ཆོག་པའི་བྱེད་ནུས་ཤིག་ཡིན་ཞིང་། སྒྲིག་ཆས་གཞན་དག་སྤྱོད་མི་དགོས་པར་ཉི་ནུས་སྤྱོད་སྟངས་སྤྱད་ཆོག་པ་དེར་གཞན་དབང་རྣམ་པ་ཞེས་ཟེར། དེས་ཁང་པ་དེ་རང་གི་སྒྲོམ་གཞིའི་ཁྱད་ཆོས་དང་ས་ཆ་ཞིབ་ཚགས་བདམས་ཤིང་། བཀོད་པ་ཞིབ་ཚགས་ལ་བརྟེན་ནས། ཁང་པའི་འཆར་འགོད་མི་འདྲ་བར་གཞིར་བཟུང་སྐྱིད་སྣང་དོད་ཅིང་ནུས་རྒྱུ་ཟད་གྲོན་ཆུང་བའི་སྡོད་ཁང་ཞིག་སྐྲུན་གྱི་ཡོད། ཇུས་འགོད་ཀྱི་རྩ་བའི་རིགས་པ་འདི་རིགས་གསར་པ་དང་ཁྱད་མཚར་བ་ཞིག་མིན་ཏེ། ལོ་ངོ་༢༥༠༠ཡི་སྔ་རོལ་ཏུ་གནའ་བོའི་ཀེ་རི་སེའི་གྲོང་ཁྱེར་གྱི་ཁང་པ་ནི་ཉི་འོད་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བསྐྲུན་པ་ཞིག་ཡིན་ཞིང་། དཀར་ཆ་དང་རླུང་འགྲོ་ཡག་པོ་ཡོད། ཉི་མོ་ཚ་དྲོད་བསྡུ་བ་དང་དགོང་མོ་ཚ་དྲོད་གཏོང་བའི་གྱང་དང་སྒེའུ་ཁུང་ཆེན་པོ།༼པར༽

ནུས་ཁུངས་གཞན་དག་གིས་འདོན་སྤྲོད་མི་དགོས་པའི་ཉི་ཁང་།༼པར༽

ཉི་ནུས་ཚ་དྲོད་གློག་འདོན་སྒྲིག་ཆས།

རྩོམ་སྒྲིག

ཉི་ནུས་ཀྱི་གྱེས་འཕྲོའི་ཚ་དྲོད་བསྡུས་ཏེ་ཆུ་ཚ་པོ་བཟོས་པ་ལས་དྲོད་ཚད་མཐོ་བའི་རླངས་པ་བྱུང་ཞིང་། རླངས་འཁོར་འཕྲུལ་ཆས་ལ་འགུལ་ཤུགས་བསླེབས་ནས་གློག་གཏོང་བ།

ཉི་ནུས་ཚ་དྲོད་ཀྱི་གློག་འདོན།༼པར)

ཉི་འོད་ཀྱི་གྱེ་འཕྲོའི་ཚ་ནུས་ལ་བརྟེན་ནས་ཆུ་སྐོལ་བ་དང་ཟ་མ་བཟོ་བའི་ཉི་ཐབ་ཀྱི་སྒྲིག་ཆས།༼པར༽

ཉི་ནུས་རྐྱལ་རྫིང་།

རྩོམ་སྒྲིག

ཉི་ནུས་སྤྱད་ནས་རྐྱལ་རྫིང་གི་ཆུའི་དྲོད་ཚད་སྙོམས་པོ་རྒྱུན་འཁྱོངས་བྱེད་ཐུབ།

ཉི་ནུས་རྐྱལ་རྫིང་།༼པར༽

ཉི་ནུས་སྐེམ་ཆས།

རྩོམ་སྒྲིག

འདི་ནི་ཉི་ནུས་ཀྱི་འགྱེད་འཕྲོས་ནུས་ཁུངས་གཙོ་བོ་དང་། མཁའ་རླུང་གིས་སྐེམ་བྱེད་མཚམས་སྦྱོར་བྱས་པའི་དངོས་པོ་སྐེམ་པའི་སྒྲིག་ཆས་ཤིག་རེད།

ཉི་ནུས་ཀྱི་གྲང་མོ་བཟོ་བ།

རྩོམ་སྒྲིག

འདི་ནི་ཉི་ནུས་ཀྱི་དྲོད་བསྡུ་འཕྲུས་ཆས་ཀྱིས་བསྡུས་པའི་ཚ་ནུས་ཀྱིས་གྲང་བཟོ་འཕྲུལ་ཆས་བསྒུལ་ཏེ་གྲང་མོ་བཟོ་གི་ཡོད། གྲང་བཟོ་འཕྲུལ་ཆས་གྱིས་ཡང་སྐོར་བསྐྱར་སྐོར་དུ་གྲང་མོ་བཟོ་བར་བརྟེན་ནས་ཚ་པོ་ནས་གྲང་མོར་གཏོང་བའི་བརྒྱུད་རིམ་ཞིག་རེད།

ཉི་མ་ནི་སའི་གོ་ལ་དང་ཐག་ཉེ་ཤོས་ཀྱི་བརྟན་སྐར་ཞིག་ཡིན་ཞིང་། དེར་ཁབ་ལེན་ར་བ་ཡོད་ལ་རང་སྐོར་རྒྱག་གི་ཡོད། དེའི་ཚངས་ཐིག་ལ་ཧ་ལམ་སྤྱི་ལེ་ཁྲི་༡༤༠ཡོད་པ་དང་། ཉི་མའི་ཁྱིམ་རྒྱུད་ནང་གི་སྐར་མའི་གོ་ལ་ཆེ་ཤོས་ཡིན་ཅིང་། དེ་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་སྤུས་ཚད་ཀྱི་བརྒྱ་ཆ་༩༨ཙམ་ཚུད་ཡོད། དེའི་ཚངས་ཐིག་དང་སའི་གོ་ལའི་༡༠༩ཡི་ཚངས་ཐིག་གི་བསྡོམས་འབོར་ཧ་ལམ་འདྲ་མོད། དེའི་ནང་དུ་སའི་གོ་ལ་ཁྲི་༡༣༠ལྷག་ཙམ་ཤོང་ཐུབ།

ཉི་མའི་དཀྱིལ་འཁོར་དུ་ཆིང་ཞེས་བྱ་བའི་རྫས་རྒྱུ་འདུས་ནས་ཏན་ཞེས་བྱ་བའི་རྫས་རྒྱུར་འགྱུར་བའི་རྡུལ་ཕྲན་སྙིང་པོའི་འགྱུར་འབྱུང་ཐོན་ཏེ། ནུས་ཚད་ཤིན་ཏུ་ཆེན་པོ་རྒྱུན་ཆད་མེད་པར་གཏོང་བ་མ་ཟད། འཇིག་རྟེན་གྱི་བར་སྣང་དུ་འཕྲོ་བཞིན་ཡོད་པ་འདི་ནི་ཉི་ནུས་རེད། ཉི་ནུས་ནི་གཞི་རྩའི་ནུས་རྒྱུ་གལ་ཆེ་ཤོས་ཤིག་ཡིན་ཞིང་། སྐྱེ་དངོས་ཀྱི་ནུས་པ་དང་། རླུང་ནུས། མཚོ་རླབས་ཀྱི་ནུས་པ། ཆུ་ནུས་སོགས་ཚང་མ་ཉི་ནུས་ལས་བྱུང་བ་ཞིག་རེད། ཉི་མའི་དཀྱིལ་འཁོར་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཁྲི་༡༥༠༠ཙམ་ཡིན་པ་དང་། ཕྱི་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་༦༠༠༠ཙམ་ཟིན་གྱི་ཡོད། སྐར་ཆ་རེར་སའི་གོ་ལར་འཕྲོས་པའི་ཉི་མའི་ནུས་ཚད་རྡོ་སོལ་ཚད་ལྡན་ཏུན་ཁྲི་༥༠༠དང་མཚུངས། ཀྲུང་གོའི་ས་གནས་ཁག་གི་ལོ་རེའི་ཉི་མའི་འགྱེད་འཕྲོ་སྨི་གྲུ་བཞི་མ་༣༣༥༠-༨༤༠༠བར་ཡིན་པ་དང་། དེའི་ཆ་སྙོམས་རིན་ཐང་ནི་ཕལ་ཆེར་སྨི་གྲུ་བཞི་མ་རེར་ཀྲའོ་ཅའོ་༥༨༦༠རེད།

པར་རིས་བར་འཁྱམས།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག

རྩོམ་སྒྲིག