༄༅།། ཉི་འཛིན་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དུ༼གཟའ་འོག་རལ་གྱིས་བཟའ་བ༽ཞེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་དེ་ནི་ཟླ་བའི་གོ་ལོའི་འོད་དེ་ཉི་མ་དང་སའི་གོ་ལོའི་དཀྱིལ་དུ་སླེབས་སྐབས་གལ་སྲིད་དེ་གསུམ་དྲང་ཐིག་གཅིག་ཐོག་སླེབས་ན། སའི་གོ་ལ་ཕོག་པའི་ཉི་མའི་འོད་དེ་ཟླ་བའི་གོ་ལས་བཀག་པས་རེད། ཟླ་བའི་གོ་ལའི་རྒྱབ་ཀྱི་གྲིབ་གཟུགས་ནག་པོ་དེ་སའི་གོ་ལོའི་སྟེང་ལ་ཕོག་སྐབས་ཉི་འཛིན་གྱི་སྣང་ཚུལ་ཐོན་གྱི་ཡོད། ཉི་འཛིན་ལ་ཉི་མ་རིལ་འཛིན་དང་། ཉི་མ་ཆ་འཛིན། ཉི་མ་གདུབ་འཛིན། ཉི་མ་ཧྲིལ་འཛིན་བཅས་བཞི་རུ་དབྱེ་ཡོད་ལ། དེ་ནི་མཁའ་དབྱངས་སུ་འོད་ཐད་ཀར་འཕྲོས་པའི་རྣམ་པ་ཞིག་རེད།

པར་རིས་བར་འཁྱམས། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག རྩོམ་སྒྲིག