ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།

ཏོག་དབྱིབས་ཡོངས་ཁྱབ་རིམས་ནད་ནི། ཏོག་དབྱིབས་ནད་དུག་ (COVID-19) འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་སོང་བ་ཞིག་ཡིན། འགའ་ཤས་ཀྱིས་ནད་འདིའི་སྐོར་ནས་བཤད་པ་ལྟར་ན་ (ནད་འདི་ (SARS-CoV-2) ལས་འབྱུང་[] ཞིང་། འདིའི་གནོད་འཚེ་ཕོག་པའི་ནད་རྟགས་ཐོག་མ་དེ་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ནང་རྒྱ་ནག་ཧུ་བེའི་ཞིང་ཆེན་གྱི་ཝུ་ཧན་རྒྱལ་ས་ནས་གསར་རྙེད་བྱུང་།) ཟེར་བ་དེ་ནི་རྒྱུ་མཚན་ཆེན་པོ་མེད་པ་མ་ཟད། འདི་ནི་དེང་སྐབས་རྒྱལ་ཁབ་མང་པོས་བོས་ཧན་ནད་དུས་ཚོད་ལྟ་ཁང་P4 སྡེ་ཚན་ནས་ཕྱི་ལ་ཤོར་བར་དོགས་པ་བྱེད་པ་བཞིན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་དུས་ལྟར་བརྟག་དཔྱད་བྱེད་རྒྱུ་རྒྱ་ནག་ལ་ཞུས་པ་ལྟར་ཆོག་ཆན་མ་ཐོབ་པར་ཟླ་ངོ་མང་པོར་ནར་འགྱིང་བྱས་པ་སོགས་ལ་བརྟག་ནས་དོགས་པ་ཟ་བ་ཆེ་རུ་སོང་ཡོད། འགོ་ནད་འདི་ལ་ཕྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༡༡ ཉིན་འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ (WHO) ཀྱིས་ཡོངས་ཁྱབ་རིམས་ནད་ (Pandemic) དུ་ངོས་འཛིན་བྱས།[] ཕྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༢༤ བར་ལ་ནད་ཡམས་འདི་རྒྱལ་ཁབ་བརྒྱ་དང་དགུ་བཅུ་ལྷག་ལ་ཁྱབ་གདལ་དུ་སོང་ཞིང་། འགོ་ནད་ཐེབས་པའི་མི་གྲངས་ ༣༧༨,༠༠༠ སུམ་འབུམ་བདུན་ཁྲི་བརྒྱད་སྟོང་བྱུང་བ་ལས། ཆིག་ཁྲི་དྲུག་སྟོང་བཞི་བརྒྱ་ ༡༦,༤༠༠ རྐྱེན་ལམ་དུ་གྱུར་ཅིང་། ནད་པ་ཆིག་འབུམ་ཆིག་ཁྲི་ ༡༠༡,༠༠༠ ལྷག་དྲག་སྐྱེད་བྱུང་ཡོད།[][]

ཏོག་དབྱིབས་རིམས་ནད་རྒྱ་ཁྱབ་ཏུ་སོང་བའི་འཛམ་གླིང་ས་ཁྲའི་དཔེའུ་རིས།

ནད་ཡམས་དཔྱད་རིག

རྩོམ་སྒྲིག

ཧུ་བེའི་ཞིང་ཆེན་གྱི་རྒྱལ་ས་ཝུ་ཧན་དུ་འཕྲོད་བསྟེན་དབང་འཛིན་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༣༡ ཉིན། རྒྱུ་རྐྱེན་གསལ་ཁ་མེད་པར་ (cluster of pneumonia) ནི་མོ་ནི་ཡའི་ནད་པ་རྣམས་ཀྱི་སྙན་ཐོ་ཞིག་གསལ་བཤད་བྱས་ཤིང་། ཕྱི་ལོ་ ༢༠༢༠ ཟླ་བ་དང་པོའི་འགོར་བརྟག་དཔྱད་ཀྱི་ལས་དོན་འགོ་བཙུགས།[][][] ནད་འདིའི་དོན་རྐྱེན་མང་ཆེ་བར་ཝུ་ཧན་མཚོ་ཟས་སྡེབ་ཚོང་ཁྲོམ་ར་དང་འབྲེལ་བ་ཡོད་པར་བརྟེན། ནད་འདིའི་འབྱུང་ཁུངས་སྲོག་ཆགས་འགོ་ནད་ལས་བྱུང་བའི་ཚོད་དཔག་བྱས་ཡོད།[]གློ་བུར་དུ་ཁྱབ་གདལ་སོང་བའི་རྒྱུ་མཚན་གྱིས་ན་ཚ་འདི་ (SARS-CoV-2) སར་སིའི་ཏོག་དབྱིབས་ནད་འབུ་གཉིས་པ་ཞེས་པའི་མིང་ཐོག་ནས་ངོ་འཛིན་བྱས་ཡོད་ཅིང་། གསར་དུ་རྙེད་སོན་བྱུང་བའི་ནད་འབུ་འདི་ཕ་ཝང་གི་ཏོག་དབྱིབས་ནད་འབུ་ (bat coronavirus) དང་།[] པན་གོ་ལིན་ཏོག་དབྱིབས་ནད་འབུ་ (pangolin coronavirus) དང་། [༡༠] སར་སིའི་ཏོག་དབྱིབས་ནད་འབུ་ SARS-CoV བཅས་དང་[༡༡] ཧ་ཅང་འབྲེལ་ཆེ།

ནད་རྟགས།

རྩོམ་སྒྲིག
 
ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས།

ཏོག་དབྱིབས་ཡམས་ནད་འདིའི་ནད་རྟགས་དམིགས་བསལ་བ་ཞིག་གང་ཡང་མི་ཡོང་ལ།

  • ནད་ཕོག་ཟིན་པ་རྣམས་ལ་ཚ་བ་འཕར་བ་དང་།
  • གློ་རྒྱག་པ་དང་།
  • ཐང་ཆད་པ་དང་།
  • དབུགས་འབྱིན་རྔུབ་དཀའ་བ་དང་།
  • ལུས་པོའི་ཤ་གནད་ན་བ་ལྟ་བུའི་ནད་རྟགས་རྣམས་ཐོན་སྲིད།

ཐུན་མིན་གྱི་ནད་རྟགས་སྐོར་ཟུར་གསལ་དཔེའུ་རིས་ལ་གཟིགས།[༡༢]

སྔོན་འགོག་བྱེད་ཐབས།

རྩོམ་སྒྲིག
 
Stop the Spread of Germs (COVID-19)

ནད་འདིའི་སྔོན་འགོག་བྱེད་ཐབས་ནི།

  • ལག་པ་ཡང་ཡང་འཁྲུད་དགོས་པ་དང་།
  • ཁ་རས་བེད་སྤྱོད་པ་དང་།
  • ཕན་ཚུན་བར་ཐག་རིང་དུ་སྡོད་པ་དང་།
  • གཞན་དང་འབྲེལ་བ་མེད་པར་ཁེར་རྐྱང་དུ་ཟུར་སྡོད་བྱེད་པ་བཅས་ཡིན།

ནད་ཡམས་སྟངས་འཛིན།

རྩོམ་སྒྲིག

ནད་ཡམས་འདིའི་སྟངས་འཛིན་ཆེད་འཛམ་གླིང་རྒྱལ་ཁབ་སོ་སོའི་ངོས་ནས་གང་དྲག་ཅི་དྲག་གིས་ཐབས་ལམ་ལ་བརྩོན་མུས་ཡིན་ཡང་། ཁྱབ་གདལ་གྱི་མྱུར་ཚད་ཧ་ཅང་སྐྱེན་དྲགས་ཤིང་། ད་བར་སྨན་བཅོས་ཀྱི་ཐབས་ལམ་གསར་གཏོད་གང་ཡང་ཐུབ་མེད་པས། ནད་ཡམས་འདིའི་ཚོད་འཛིན་ཧ་ཅང་དཀའ་བར་གྱུར་ཡོད།

ཏོག་དབྱིབས་ནད་འབུའི་ལོ་རྒྱུས།

རྩོམ་སྒྲིག

==རྒྱལ་ནང་གི་གདོང་ལེན།==བདགདགདཧདཧདཧདབདབནེཇེ

རྒྱལ་སྤྱིའི་གདོང་ལེན།

རྩོམ་སྒྲིག

ཤུགས་རྐྱེན།

རྩོམ་སྒྲིག

གནས་ཚུལ་ཁྱབ་གདལ།

རྩོམ་སྒྲིག

དཔྱད་གཞིའི་ཁུངས་ཡིག

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. "Coronavirus disease 2019". རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས།. Retrieved 15 March 2020. 
  2. "WHO Director-General's opening 7remarks at the media briefing on COVID-19—11 March 2020". རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས།. 11 March 2020. Retrieved 11 March 2020. 
  3. "Coronavirus COVID-19 Global Cases". ཇོནས྄་ཧོཔ་ཀིནས྄་གཙུག་ལག་སློབ་གཉེར་ཁང་།. Retrieved 20 March 2020. 
  4. "Coronavirus Update (Live): 307,627 Cases and 13,050 Deaths from COVID-19 Virus Outbreak—Worldometer". www.worldometers.info. 
  5. Mystery pneumonia virus probed in China |3 January 2020 |Access Date 29 January 2020
  6. WEB ARCHIVE
  7. |archive-date 5 January 2020 | BBC News Online
  8. CharacteristicsZH
  9. Lancet Nowcasting | Another Decade, Another Coronavirus |The New England Journal of Medicine |volume 382 |issue 8 |pages 760–762 |February 2020
  10. Evidence of recombination in coronaviruses implicating pangolin origins of nCoV-2019 |February 2020
  11. ECDC risk assessment
  12. WHO report 28 February 2020
  13. "Total confirmed cases of COVID-19 per million people". Our World in Data. Retrieved 20 March 2020. 
  14. "Total confirmed deaths due to COVID-19 per million people". Our World in Data. Retrieved 24 March 2020. 
  15. ༡༥.༠ ༡༥.༡ ༡༥.༢ Cite error: Invalid <ref> tag; no text was provided for refs named autogenerated1
  16. ༡༦.༠ ༡༦.༡ ༡༦.༢ Cite error: Invalid <ref> tag; no text was provided for refs named autogenerated6