ཐ
ཐ 1.བོད་ཡིག་གསལ་བྱེད་བཅུ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་མེད། 2.མིང་གཞིའི་མ་ནིང་གི་ཡི་གེ་ཞིག 3.རིམ་པ་བརྩིས་པའི་མཇུག་མཐའ་འམ་དམན་པའི་དོན་ཏེ།
(དཔེར་ན།) རབ་འབྲིང་ཐ་གསུམ། དཔྱིད་ཟླ་ཐ་ཆུང(དཔྱིད་ཟླ་གསུམ་པ)མི་ཐ་ཤལ་བ་ཞེས་པ་ལྟ་བུ།