ཐུམ་འབུའི་ནད་
ཐུམ་འབུའི་ནད་ཅེས་པ་འདི་ནི་འབྲོག་ཁུལ་དུ་རྒྱུན་དུ་མཐོང་བའི་མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ནད་རིགས་ཚབས་ཆེན་ཞིག་ཡིན་པ་མ་ཟད། ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་འགྲོ་བའི་ཐད་ལ་འགོག་རྐྱེན་ཡང་བཟོ་བ་རེད། ནད་རིགས་འདི་ནི་ཤ་གཟན་སྲོག་ཆགས་དང་རྩྭ་གཟན་སྲོག་ཆགས་ཀྱི་ཕུང་པོའི་ནང་དུ་ཡོད་པའི་གཞན་བརྟེན་གྱི་རྒྱུན་སྲིན་ལེབ་མོ་ཞིག་ཡིན། འདི་ནི་དལ་ལངས་རང་བཞིན་ཅན་གྱི་ས་མཐོའི་ནད་རིགས་ཤིག་ཏུ་ངོས་འཛིན་གྱི་ཡོད།
འགོ་ཚུལ
རྩོམ་སྒྲིགརྒྱུན་སྲིན་ལེབ་མོ་འདི་ནི་ཁྱི་དང་སྤྱང་ཀི ཝ་མོ། འཕར་བ་སོགས་ཀྱི་རྒྱུ་ནག་གི་ནང་དུ་ཡོད་ཅིང་། དུས་ཚོད་ངེས་ཅན་ཞིག་ལ་སྲོག་ཆགས་འདི་དག་གི་གཅིན་སྐྱག་དང་མཉམ་དུ་འབུ་སྒོང་འབོར་ཆེན་ཞིག་ཕྱིར་བཏང་ནས་ཉེ་འཁོར་གྱི་རྩྭ་ས་ཁག་ཏུ་འབག་བཙོག་བཟོ་ཡི་ཡོད། དེ་ལྟར་འབག་བཙོག་ཏུ་སོང་བའི་རྩྭ་ཆུ་དག་ནོར་ལུག་གིས་བསྟེན་ནས་འབྲོག་པའི་སྒོ་ཟོག་ལའང་ནད་རིགས་འདི་འགོ་ཡི་ཡོད་ལ། རང་ཁྱིམ་གྱི་སྒོ་ཁྱིའི་མགོ་བོར་བྱིལ་བྱིལ་བྱེད་པ་དང་བརྩེ་བ་སོགས་བྱས་རྗེས་ལག་པ་མ་བཀྲུས་པར་ཐད་ཀར་ཟ་མ་ཟ་བ་སོགས་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་མ་བྱས་པའི་སྟབས་ཀྱིས་ནད་རིགས་འདི་འགོ་ཡི་ཡོད།
སྔོན་འགོག་བྱེད་ཐབས
རྩོམ་སྒྲིག༡ རང་རང་གི་སྒོ་ཁྱི་བདག་བཟུང་ཡག་པོ་བྱས་ཏེ་སྒོ་ཁྱི་ལ་འབུ་མེད་པ་བཟོ་བྱེད་ཀྱི་སྨན་སྟེར་བ་དང་། སྒོ་ཁྱི་དག་ཁྱི་སྡོམ་ལ་འགྱུར་དུ་མི་འཇུག་པ།
༢ ཕྱུགས་ཟོག་གི་ཤ་རིགས་ཐད་ལ་འཕྲོད་བསྟེན་གྱི་ལྟ་སྐུལ་ནན་མོར་བྱེད་པ་དང་། ཐུམ་འབུའི་ནད་རིགས་ཡོད་པའི་སྒོ་ཟོག་གི་ནང་ཁྲོལ་གང་བྱུང་དུ་གཡུག་མི་རུང་ལ་རང་གི་སྒོ་ཁྱི་དང་ཁྱི་ལྡོམ་སོགས་ལ་དེ་བས་སྟེར་མི་རུང་། ༣ གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ནས་ཟ་མ་མ་ཟོས་སྔོན་ལ་ལག་པ་གཙང་མ་བཀྲུ་དགོས་པ་དང་། རྒྱུན་དུ་རང་འབབ་ཆུ་ཁུངས་ལ་འབག་བཙོག་མི་ཡོང་བའི་སྲུང་སྐྱོབ་བྱེད་དགོས་ལ་ཆུ་གྲང་མོ་འཐུང་བ་དང་། རྗེན་ཟས་རིགས་ཀྱི་ཤ་དམར་ཟ་མི་རུང་། ༤ དུས་རྒྱུན་དུ་བདེ་ཐང་ཤེས་བྱའི་སྐོར་གྱི་རྒྱུན་ཤེས་དེབ་ཆུང་དག་ལ་མང་ཙམ་བལྟས་ནས་རང་ཉིད་དང་རང་གི་ཁྱིམ་མཚེས་སོགས་ཉེ་འཁོར་གྱི་ཞིང་འབྲོག་ཁུལ་གྱི་མི་རྣམས་ཀྱི་བདེ་ཐང་ཤེས་བྱའི་འདུ་ཤེས་མཐོར་འདེགས་སུ་བཏང་ནས་ནད་རིགས་འདི་དག་གཏན་དུ་རང་ཉིད་དང་ཐག་ཇེ་རིང་དུ་གཏོང་དགོས།
ཅི་ཞིག་ལ་ཐུམ་འབུའི་ནད་ཟེར་རམ།
རྩོམ་སྒྲིགཐུམ་འབུའི་ནདལ་ཚེར་ཟླུམ་འབུ་ནད་ཀྱང་ཟེར། དེ་ནི་ཚེར་ཟླུམ་སྒྲོག་འབུའི་སྲོ་མ་མིའི་ལུས་ལ་འགོས་པ་ལས་ན་བའི་ནད་ཅིག་རེད། ནད་དེ་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་ཅིག་ཡིན་ཞིང་། ཁྱི་རིགས་སྲོག་ཆགས་ནི་ཐུམ་འབུའི་ནད་ཀྱི་འབྱུང་ཁུངས་གཙོ་བོ་དང་། དེ་རྗེས་ནི་སྤྱང་ཀི་དང་། ཝ་མོ། བྱི་ལ་བཅས། བར་གྱི་རྟེན་གནས་ནི་ནོར་ལུག་བཅས་རེད། མིའི་ཁ་ལ་སྲོ་མ་ཤོར་ནས་བར་གྱི་རྟེན་གནས་སུ་གྱུར་ཏེ་ཐུམ་འབུའི་ནད་ཕོག་གི་ཡོད།
ཐུམ་འབུའི་ནད་དེ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཁྱབ་ཅིང་།
རྩོམ་སྒྲིགདེའི་ནང་ནས་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མཚོ་བོད་ས་མཐོ་ནི་ནད་དེ་ཕོག་མང་བའི་ས་ཁུལ་ཞིག་རེད། མི་ལུས་ཀྱི་དོན་སྣོད་ཁག་ལ་ཐུམ་འབུའི་ནད་ཕོག་ཚུལ་ཁྱད་པར་ཧ་ཅང་ཆེ་ཞིང་། དོན་སྣོད་མི་འདྲ་བར་ཕོག་པའི་ཐུམ་འབུའི་ནད་ཀྱི་ནད་རྟགས་ཀྱང་འདྲ་ཡི་མེད། མཆིན་པར་ཕོག་ཚད་མཐོ་ཤོས་དང་། དེ་ནས་གློ་བ། དེའི་འོག་ལ་གསུས་ཁོག་དང་མཚང་ཁོག་སོགས་རེད།
ཇི་ལྟར་བྱས་ནས་ཐུམ་འབུའི་ནད་སྔོན་འགོག་བྱེད་དགོས་སམ།
རྩོམ་སྒྲིགཐུམ་འབུའི་སྲོ་མའི་སྐྱེ་སྟོབས་ཧ་ཅང་ཆེ་རུང་དྲོད་ཚད་ཀླད་ཀོར་འོག་གི་༧༠℃མན་གྱི་དྲོད་ཚད་དམའ་པོ་བཟོད་མི་ཐུབ་པའམ་ཡང་ན་དྲོད་ཚད་༨༠℃ཡན་གྱི་དྲོད་ཚད་མཐོ་པོ་བཟོད་ཐུབ་ཀྱི་མེད།
ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་སྨན་ཁང་གིས་གྲོས་འགོ་བཏོན་པ་སྟེ། ཤ་འཚོས་པོ་བྱས་ན་མ་གཏོགས་སྲོ་མ་གསོད་མི་ཐུབ་པ་དང་། འབྲོག་པ་དང་། ཞིང་པ། རྔོན་པ། པགས་རིགས་ལས་སྣོན་བྱེད་མཁན་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས་པ། ཆུ་འཁོལ་འཐུང་དགོས་པ་དང་། ཟས་རྗེན་པ་བཟའ་རྒྱུ་མེད་པ། ཟས་མ་བཟས་གོང་ལག་པ་བཀྲུ་དགོས་པ། ཨན་རྡར་དང་། གྲི་ཆས། རྗེན་ཚོས་བཅས་སོ་སོར་འཇོག་དགོས་པ། ཁྱི་དང་འབྲེལ་འདྲིས་ཟབ་མོ་བྱ་རྒྱུ་མེད་ཅིང་། གཅེས་ཉར་སྲོག་ཆགས་དེ་ཉིད་ཚད་ལྡན་གྱི་འགོ་ནད་ཞིབ་བཤེར་ས་ཚིགས་སུ་འགོ་ནད་ཕོག་མིན་བརྟག་དཔྱད་བྱེད་པར་འཁྲིད་དགོས་པ། སྦྲུམ་མ་དང་བྱིས་པས་དེ་བས་ཀྱང་དོགས་ཟོན་ཆེན་པོ་བྱེད་དགོས་པ། སྒོ་ཁྱིར་འབུ་སྨན་སྟེར་དགོས་པ་དང་འབུ་སྨན་བཟས་པའི་མི་དང་ཁྱིའི་སྐྱག་གཅིན་གནོད་མེད་ཀྱི་སྒོ་ནས་གཙང་ཕྱགས་བྱེད་དགོས་པ། ནོར་ལུག་སོགས་ཀྱི་ནད་འགྱུར་བྱུང་བའི་ནང་ཁྲོལ་མེར་སྲེག་པའམ་ཡང་ན་ས་སྦས་གཏོང་དགོས་ཤིང་། འབུ་སྲིན་འགོས་པའི་སྲོག་ཆགས་ཀྱི་ནང་ཁྲོལ་ཁྱི་དང་ཕྱུགས་རིགས་ལ་སྟེར་མི་རུང་། ཤ་རིགས་བཟའ་བཅའ་འཕྲོད་བསྟེན་ཞིབ་དཔྱད་ཚད་ལེན་ལམ་ལུགས་དང་སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་བཅས་སོ།
ཇི་ལྟར་བྱས་ནས་ཐུམ་འབུའི་ནད་བཅོས་དགོས་སམ།
རྩོམ་སྒྲིགཐུམ་འབུའི་ནད་དེ་སྒྲ་འདས་དང་། CTགློག་པར། MRIསོགས་བརྙན་པར་བརྟག་དཔྱད་དང་ཚོད་ལྟ་ཁང་གི་བརྟག་དཔྱད་ལ་བརྟེན་ནས་ནད་གཞི་བརྟག་དཔྱད་དང་གཏན་འཁེལ་བྱེད་ཆོག སྨན་བཅོས་བྱེད་ཐབས་གཙོ་བོ་ནི་སྨན་བཟའ་རྒྱུ་དང་གཤགས་བཅོས་བྱ་རྒྱུ་དེ་རེད། སྨན་གཙོ་བོ་ནི་པུན་པིན་སྨི་ཙོའོ་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་དང་ཨ་པུན་ཏ་ཙོའོ་ནི་ཐུམ་འབུའི་ནད་འགོག་པའི་སྨན་ཕན་ཤོས་རེད།
ཚགས་ཤ་སྐམ་པོ་བཟས་ན་ཐུམ་འབུའི་ནད་ཕོག་སྲིད་དམ།
རྩོམ་སྒྲིགགལ་ཏེ་ཚགས་ཤ་སྐམ་པོ་ནི་བཙོས་ནས་ཚོས་པོ་བྱུང་རྗེས་སྐམ་པ་དང་། འབུ་ཕྲ་མེད་པའི་ཁོར་ཡུག་ནང་དུ་སྐམ་པའམ་ཡང་ན་དུས་མཇུག་ཏུ་དུག་སེལ་ཡང་བྱས་པ། འབུ་ཕྲ་འགོས་པའི་གོ་སྐབས་མེད་པ་བཅས་ཡིན་ན་ཐད་ཀར་བཟས་ནའང་ཐུམ་འབུའི་ནད་འགོས་མི་སྲིད། འོན་ཀྱང་ཚགས་ཤ་སྐམ་པོ་དེ་ཤ་རྗེན་པར་སྐམ་པ་དང་། འབུ་ཕྲ་མེད་པའི་ཁོར་ཡུག་ནང་དུ་སྐམ་པ་མིན་པའམ་ཡང་ན་དུས་མཇུག་ཏུ་དུག་སེལ་བྱས་པའང་མིན་ན། སྲོ་མ་འགོས་པའི་ཉེན་ཁ་ཡོད་ལ་གཞན་བརྟེན་སྲིན་འབུ་གཞན་དག་འགོས་པའི་ཉེན་ཁའང་ཡོད།
ཇི་ལྟར་བྱས་ནས་གཅེས་ཉར་སྲོག་ཆགས་བདེ་འཇགས་ངང་གསོ་ཉར་བྱེད་དགོས་སམ།
རྩོམ་སྒྲིགདུས་བཀག་ལྟར་གཅེས་ཉར་སྲོག་ཆགས་བརྟག་དཔྱད་བྱེད་པར་ཁྲིད་དེ་དུས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ནད་འབུ་སེལ་དགོས་པ། ཡག་ཤོས་བྱུང་ན་གང་བྱུང་དུ་གློད་རྒྱུ་མེད་ཅིང་། གཅེས་ཉར་སྲོག་ཆགས་གཙང་མ་མེད་པའམ་ཡང་ན་གཞན་བརྟེན་སྲིན་འབུ་འགོས་སྲིད་པའི་ས་ཆར་འཁྲིད་རྒྱུ་མེད་པ། གཅེས་ཉར་སྲོག་ཆགས་དེ་ཉིད་ཕྱུགས་རིགས་དང་། རི་སྐྱེས་སྲོག་ཆགས། བདག་མེད་སྲོག་ཆགས་སོགས་དང་འབྲེལ་འདྲིས་བྱེད་དུ་འཇུག་རྒྱུ་མེད་པ་དང་། གཅེས་ཉར་སྲོག་ཆགས་གང་བྱུང་དུ་འཁྱམ་འཇུག་རྒྱུ་མེད་ལ་བྱི་བ་བཟུང་ནས་ཟ་རུའང་འཇུག་རྒྱུ་མེད་པ། གཅེས་ཉར་སྲོག་ཆགས་ལ་གང་འདོད་དུ་ཟས་རིགས་ཟ་རུ་འཇུག་རྒྱུ་མེད་པ། གཅེས་ཉར་སྲོག་ཆགས་ལ་ཆེད་མངགས་བཟོས་པའི་ཞི་མིའི་ལྟོ་དང་ཁྱི་ལྟོ་སྟེར་དགོས་པ་བཅས་སོ།།( ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང་)