བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། དགའ་ལྡན་སིའུ་ཐང་ངམ་གསེར་ཐང་ ཞེས་སྒྲའི་འབོད་ལུགས་མི་འདྲ་ཡང་དོན་གཅིག་ཡིན་ཞིང་། གོང་མ་ཏཱ་མིང་ སྐབས་སུ་རྗེ་ཙོང་ཁ་པ་གདན་དྲངས་རུང་ཕེབས་སྟབས་མ་བདེ་བར་བརྟེན་ རྗེ་བདག་ཉིད་ཆེན་པོའི་དངོས་སློབ་སེ་ར་བྱམས་ཆེན་ཆོས་རྗེ་ཕེབས་པ་དང་། ཁོང་གི་སློབ་མ་ཨ་མོ་ག་དང་བསོད་ནམས་ཤེས་རབ་ལ་ཏཱ་མིང་གོང་མས་རྗེ་ ཙོང་ཁ་པར་ཕྱག་རྟགས་བསྐུར་གནང་བའི་གོས་སྐུ་གནས་བརྟན་བཅུ་དྲུག་ སོགས་སིའུ་ཐང་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་གསེར་སྐུད་ཀྱིས་སྦྲིན་འབྲུག་སོགས་ ཚེམ་དྲུབ་རིས་ལྡན་ཤ་སྟག་ཡིན་ཞིང་། དེར་བརྟེན་“དགའ་ལྡན་གསེར་ཐང་” ཞེས་པ་དེ་ལས་བྱུང་ཞིང་། གནས་བཅུའི་ཞལ་ཐང་དེ་དག་དགའ་ལྡན་ཚོགས་ཆེན་ གྱི་མདུན་དུ་སྤྱི་གསོ་ཆོས་རར་བཀྲམ་ནས་མདུན་དུ་ཉེ་མཆོད་དང་། འཁྲུས་གསོལ་ རབ་གནས་སོགས་ཆོས་ལུགས་ཀྱི་བྱེད་སྒོའི་ཉིན་དེར་དད་ལྡན་སེར་སྐྱ་མི་མང་ཚོས་ མཇལ་དར་འབུལ་བ་དང་བསྙེན་བཀུར་ཞུ་བ། ལ་མོའི་ལྷ་མོ་བ་ནས་བཀྲ་ཤིས་ཞོལ་ པ་སོགས་འཁྲབ་སྟོན་གྱི་མཛད་སྒོ་གནང་སྲོལ་བཅས་ཡོད།