དགེ་སློང་ཆེན་པོ་ཞོལ་ཁྲེང་ངོ་སྤྲོད་མདོར་བསྡུས།

སློབ་དཔོན་ཆེན་པོ་མ་ཧྰ་ཧ་ཤང་ཞུའེ་ཁྲེང་ངོ་སྤྲོད་མདོར་བསྡུས། བཙུན་པ་ཆེན་པོ་ཞུའེ་ཁྲེང་ནི། སྤྱི་ལོ་1966ལོར་ཀྲུང་གོ་ཧྥུ་ཅན་ཞན་ཡིའུ་དུ་སྐུ་འཁྲུངས། 1982ལོར་ཁོང་གྲྭ་སར་བཞུགས་ནས་མཁན་པོ་ཏིང་ཧའེ་མདུན་ནས་དགེ་འདུན་གྱི་སྡོམ་པ་ཞུས་པ་དང་མཁན་པོ་ཡོན་སྒྲོ་དྲུང་ནས་ཆོས་བསླབས། 1991ལོར་ཀྲུང་གོ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་རབ་འབྱམས་པའི་མིང་བཏགས་ཐོབ། 2007ལོར་ཐེ་ལན་དི་ཀྲུའུ་ལཱ་ལུང་ཀུང་ནང་བསྟན་གཙུག་ལག་སློབ་ཆེན་ནས་ཆབ་སྲིད་སློབ་གསོ་རིག་པའི་མཚན་འཛིན་འབུམ་རམས་པའི་སློབ་མིང་བསླངས། དེ་རྗེས་2010ལོར་བྷང་ག་ལའི་ཇོ་བོ་རྗེ་ཨ་ཏི་ཤ་ཞི་བདེའི་གཟེངས་རྟགས་དང་2011ལོར་རྒྱ་གར་དགེ་སློང་ཆོས་ཚོགས་གིས་སྡེ་སྣོད་འཛིན་པའི་ཆོས་དཔོན་གྱི་འབུམ་རམས་པའི་སློབ་མིང་གསོལ། ད་ལྟ་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དང་ཀྲུང་ཧཱ་རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ཡོན་ལྷན་ཚོགས་ཀྱི་དྲུང་ཡིག་དང་། ཀྲུང་གོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་ནང་བསྟན་སློབ་གླིང་གི་སློབ་གཙོ། པེ་ཅིན་དགེ་འོས་སློབ་ཆེན་མི་ཆོས་མཐོ་རིམ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། ཧྥུ་ཅན་ཕུའུ་ཐེན་ཀོང་ཧཱ་དགོན་པའི་མཁན་པོ། ཧྲན་ཞི་ཧྥུ་ཧྥེང་ཧྥ་མོན་དགོན་གྱི་མཁན་པོ། པེ་ཅིན་ལུང་ཆོན་དགོན་པའི་མཁན་པོ་སོགས་ཀྱི་ཐུགས་འགན་བཞེས་མུས་རེད།

学诚大和尚.png